---------------མུན་པ།
བསུག་བཞིར་ཞགས་པ་བཏབ་པས།
ང་ལ་འཕར་ལྡིང་བྱེད་པའི་རང་དབང་མི་འདུག།
སྡིག་དྲེག་ཅན་གྱི་སྤུ་གྲི་དེ་མཐོང་དུས་ནས།
བཟོད་གླགས་བྲལ་བའི་ཙག་ཤད་གཅིག
ལུས་ཀྱི་རྩ་ལམ་གང་རུང་ནས་ཡང་ཡང་རྒྱུགས།
ང་ཨང་། དེ་རིང་གི་སྔ་རོལ་ན།
རྩྭ་ཆུའི་བདེ་བ་ལ་བག་མེད་རོལ་བཞིན།
བདག་པོའི་རྣ་རྩེ་ན་སྙིང་ཉེ་བའི་འབའ་སྐད་རེ་འདོན་ཞོར།
པྲ་ཚགས་ཀྱིས་མཇུག་མ་གང་འདོད་དུ་གཡུག་གྱིན་པའི།
སེམས་ཅན་བསམ་མེད་དེ་རེད་ཨང་།
གྲོད་པ་ལྒང་ལི་བཞིན་བརྟོལ་རྗེས།
དམར་དྲི་ཁ་བའི་ལག་ངར་སྐོར་ཞིག
ཁོག་ནང་གི་གང་རུང་ན་ཡང་ཡང་སྦར་ཉུལ་ལ་བྲེལ།
ལྤགས་པ་ཐེར་ཚལ་དུ་གརལ་ཐལ།
ཁྲག་དང་སྒྱུ་མ་དག་ཀྱང་དམར་ཆིལ་ལེར་སྤུངས།
"ད་ལོའི་བཤའ་རྒྱུ་ཤིན་ཏུ་ནས་ཚོན་པས།
སྒོར་མོ་སྟོང་གིས་ལག་ཤ་ཅིག་ཀྱང་མི་ཁུག་ཟེར།"
ང་ཨང་། དེ་རིང་གི་སྔ་རོལ་ན། ང་ལའང་།
ཟླ་གསུམ་ཁོག་ན་བསྙལ་བའི་མངལ་བ་དང་།
ཞག་གསུམ་སྙིང་གཏམ་བཤད་སའི་བརྩེ་གྲོགས་ཡོད་ཨང་།
ཁྱོད་རེད། ཁོ་རེད།
དམར་དྲི་ཁ་བའི་ལག་དམར་བ་དེ།
ཤ་ཟ་མཁན་ཚང་མ་རེད།
༢༠༡༨/༥/༡༩ཞོགས་པ།
网友评论