བྲག༌སྒམ༌པ༌བློ༌བཟང༌རྒྱལ༌མཚན༌རྗེས༌སུ༌དྲན༌པ།
འཁོར༌གསུམ༌གྱི༌ལྟེ༌ནས༌འཕོས༌ལ༌ལྟེབས༌སུ༌འཁུམས༌པའི༌སྐྱ༌མི༌ཞིག རིགས༌ཞེན༌གྱི༌སྲས༌སུ༌འཁྲུངས༌ལ༌མེ༌ལྕེ༌འབར༌བའི༌བགྲེས༌སོང༌ཞིག ལང༌ཚོ༌བཙོན༌གྱིས༌བཅོམ༌ལ༌སྨྲ༌ལྕེ༌གཟེབ༌དུ༌ལྐུགས༌པའི༌མི༌རྐྱང༌ཞིག འདི༌ལྟར༌ལས༌དབང༌གི༌ངར༌ཁ༌ནས༌བྱེ༌མ༌བཞིན༌རླུང༌གིས༌བཅོམ༌ལ། ཤམ༌བྷའི༌རི༌ལ༌འགྲིམ༌སོང༌། ༥༨ལོའི༌དཔའ༌རྟུལ༌རྒོད༌པོ༌ཞིག དེ༌རིང༌ངས༌ངག༌ནས༌ཡིག༌དྲུག༌བརྡོལ༌ལ༌སོར༌ནས༌ཕྲེང༌བ༌རྒྱུ༌ཞོར༌སྒོམ༌ཡོད། ང༌ནམ༌ཡང༌ཁྱེད༌ཀྱི༌རྗེས༌སུ༌འགྲེང༌ནས༌ཁྱིམ༌གཞིས༌ཀྱི༌ལོ༌རྒྱུས༌སྐྱོང༌བའི༌རིག༌པའི༌སློང༌མོ༌བ༌དེ༌ཡིན༌ལ། ཁྱེད༌ཀྱི༌ཁྱིམ༌གཞིས༌འཕྲོག༌པའི༌མི༌བུ༌གང༌དེའི༌འཁོན༌སློང༌བའང༌ཡིན༌སྲིད། བསམ༌པའི༌བུ༌ལོས།
网友评论