———————————AGM
དབྱར་དྲུག་པའི་མེ་ཏོག་སེར་ཆེན།།
སྟོད་རྩེ་གཞུང་སྤང་ནས་འཁྲུངས་ཐལ།།
ཁྱོད་བུང་བ་ཁ་སེམས་མཐུན་པས།།
དུས་གསུམ་གྱི་ཆར་ཆུ་མོད་ཡང་།།
མཚན་གུང་གི་ལྷག་རླུང་རྒོལ་ཡང་།།
སེམས་བསམ་པ་མཐུན་ན་མི་སྐྱོན།།
ལུས་ལང་ཚོ་དར་བའི་སྨན་ཤར།།
ཡུལ་ཨ་རིག་ཕྱོགས་ནས་ཡིན་ཐལ།།
ང་བུ་ལ་ཁ་སེམས་མཐུན་པས།།
བར་ལེ་བར་སྟོང་གིས་བཅད་ཀྱང་།།
ས་ཁ་ཐག་དེ་འདྲ་རིང་ཡང་།།
སེམས་བསམ་པ་མཐུན་ན་མི་སྐྱོན།།
༡༧–༡༢-༡༣
མི་སྐྱོན་གི
网友评论