美文网首页
སེམས་གཏམ་དྲང་མོ།   ཁམས་སྙུག་སྲས་

སེམས་གཏམ་དྲང་མོ།   ཁམས་སྙུག་སྲས་

作者: renqeng | 来源:发表于2017-04-23 21:38 被阅读0次
    སེམས་གཏམ་དྲང་མོ།   ཁམས་སྙུག་སྲས་ནས།

    རྟ་མཆོག་ལགས།

    མི་ལ་སྐད་ཆ་ཡོད་པ་ནས་བཟུང་ངག་རྩོད་སྣ་ཚོགས་བྱུང་དུས་ཕྱིར་བདག་ནི་རྟ་རྒྱུག་ལ་དགའ་སྤྲོ་ཆེར་མེད།  ཡིན་ཡང་སྐད་ཆ་དྲང་བཤད་ཞིག་བྱེད།  དང་ཐོག་བོད་ཀྱི་སྲོལ་ཆགས་ཚུལ་ཞིག་ལ་ཨ་མྱེ་དང་རྨོ་མོ་སོགས་ཀྱི་གཞན་ཡུལ་དུ་ཚོང་ལ་འགྲོ་སྐབས་རྟ་ཞོན་ནས་འགྲོ་གི་གདའ། ཡིན་ཡང་ད་བར་དེ་མེད་ཁོ་ཚོ་བཤད་ན་གཞན་གྱི་སྡུག་བསྔལ་གི་འོག་ནས་རང་གི་འཚོ་བ་སྤྲོ་བས་རོལ་མུ་ཉན་ཟེར་དེ་ནི་སྟོང་བཤད་ཁོ་ན་རེད་རང་གི་རྟ་ཞོན་མི་འདོད་པ་དང་ཞོན་མ་ཐུབ་པ་སོགས་རྒྱུ་མཚན་དུ་བྱས་ནས་རྫུན་ལབ་པ་རེད་ཡང་གཅིག་བཤད་ན་རྟ་ཞོན་ན་མྱུར་མོར་མུ་སླེབ་པའི་རྒྱུ་རྐྱེན་བྱས་ནས་འཕྲུལ་རྟ་དང་རློངས་འཁོར་སོགས་ལས་ལྷེབ་རྩ་བས་སོ།   ཁོ་ཚོ་བཤད་ན་འཕྲུལ་རྟ་དང་རླངས་འཁོར་སོགས་བསྐོར་ནས་ཚེ་སྲོག་སྐྱོབ་བྱེད་ཞིག་རློམ་ཡང་། དེ་ཕར་ཞོག་ ཚེ་སྲོག་སྐྱོབ་བྱེད་ཞིག་ཡིན་པ་མ་རེད།  དེ་ལས་ལྡོག་སྟེ་ཚེ་སྲོག་གཅོད་བྱེད་ཞིག་རེད། ལྷག་པར་དུ་ཁ་སང་དེ་རང་གི་མཁས་པ་ཁ་ཤས་ཀྱིས་རྟ་རྒྱུག་མེད་ན་བཟང་གི་ལབ་པས། དེ་བདེན་གི་འདོད་ནས་བྱིས་པ་ཀླད་མེད་འགས་དྲྭ་རྒྱ་དང་ངག་ལམ་ནས་བདེན་གི་ཟེར་ན་འབོད་ཀྱི་གདའ།  ཡིན་ཡང་ངས་བསམ་ན་རྟ་རྒྱུག་ཡོད་དགོས་པའི་དོན་ཚན་མང་པོ་ཞིག་འདུག་ཀྱང་།    དོན་ཚན་གསུམ་གྱི་དབང་དུ་གཏོང་ན་ཆོག་གི་སྙམ།

    དོན་ཚན་དང་པོ་ནི། དང་ཐོག་བོད་དང་རྒྱ་གར་སོགས་ལ་མཁས་པ་དང་གྲུབ་པ་མང་པོ་བྱོན་མྱོང་མོད་དེ་ཚོས་གསུང་ལས་རྟ་རྒྱུག་མ་བྱེད་ཟེར་བ་མ་གོ་ལྷག་ཏུ་དགོས་མེད་ཞིག་ཡིན་པ་བྱས་མེད་གི

    དོན་ཚན་གཉིས་པ་ནི།  མི་ཆོས་དང་ལྷ་ཆོས་གང་ནས་རྟ་མ་རྒྱུག་ཟེར་གི་མེད་གི  དེ་མ་ཟད་བོད་སྲོལ་ཉམ་དུ་མ་འཇུག་ཟེར་གི་འདུག

    དོན་ཚན་གསུམ་པ་ནི།   ཧོ་གླིང་དང་མོན་གླིང་སོགས་ནས་རྟ་རྒྱུག་རྒྱུ་ཡོད་གི   གེ་སར་རྒྱལ་པོ་ལྟ་བུས་སྐྱེ་ཆེན་གཅིག་ལ་མཚོན་ན་མི་ཡུལ་ཁ་ལོ་སྒྱུར་བ་མ་ཟད་དམྱལ་བ་ལ་སོང་ནས་ཁ་ཕོ་བསྒྲགས་མྱོང་རེད།  དེ་འདྲའི་སྐྱེས་ཆེན་དག་གིས་ཞལ་ནས་རྟ་རྒྱུག་མེད་ན་དགའ་ཟེར་གི་མེད་གི    ཕྱིན་ཆད་རྟ་རྒྱུག་མེད་ན་རི་བསང་ཕུལ་རྒྱུ་དང་བོད་སྲོལ་མཉམ་ན་ལ་ཐང་མེད་གི གནས་སྐབས་རེ་སུ་ལ་ལས་བརྡ་བྱེད་ངེས་ཡིན།།    རྟ་དང་རྟ་རྒྱུག་སྐོར་ནས་རྒྱུ་མཚན་དང་གནས་ལུགས་གཏན་ནས་མེད་པ་མ་རེད་འགའ་བཤད་ཀྱི་འདུག་པས།   དེ་དག་ལ་གསལ་བཤད་དགོས་པ་ཆེར་མ་མཐོང་ཡང་།  ཡིག་ཉོག་མང་པོ་ཡོང་བར་དོགས་ཏེ་འདི་ཙམ་གྱི་འཐུས་པར་བྱའོ། །

    སེམས་གཏམ་དྲང་མོ།   ཁམས་སྙུག་སྲས་ནས།

    相关文章

      网友评论

          本文标题:སེམས་གཏམ་དྲང་མོ།   ཁམས་སྙུག་སྲས་

          本文链接:https://www.haomeiwen.com/subject/qeayzttx.html