དགེ་སློབ་ཀྱི་ཚད་འཇལ་བ།
དགེ་སློབ་ཀྱི་ཚད་འཇལ་བ།ལུས་ལ་གོས་གཙང་ཁ་ལག་གཙང་།།
ངག་ལ་ངག་འཇམ་ཞེ་ཚིག་སྨྲ།།
འགྲོ་འདུག་བྲེལ་མེད་ཉེན་ཁར་གཟབ།།
ཟས་སོགས་གྲོན་ཆུང་བརླགས་མི་འགྱུར།།
ཆེ་གུས་ཆུང་བྱམས་ལྷག་བསམ་ལྡན།།
སློབ་ལ་བརྩོན་ཞིང་ངལ་རྩོལ་དགའ།།
གཡོ་མེད་བྱ་བ་སྒྲུབ་ལ་མཁས།།
ཚད་ལྡན་སློབ་མའི་དཔེ་རུ་འོས།།
ཤེས་བྱའི་བཅུད་བཟང་ཁོག་ཏུ་བསོགས།།
འགན་འཁྲིའི་ཁུར་ཆེན་ཕྲག་ཏུ་ཁུར།།
སྨྲ་བ་ཉུང་ཞིང་ལས་ལ་བརྩོན།།
སྤྱི་དོན་རང་དོན་ལྟར་དུ་སྒྲུབ།།
སྤྱི་ཕན་བྱ་བར་ཅི་ནུས་འཇུག།
སློབ་མ་རང་གི་བུ་བཞིན་གཅེས།།
སློབ་ཁྲིད་མིག་བཞིན་བརྩི་སྲུང་བྱ།།
སློབ་མའི་སྤྱོད་ཡོན་ཡར་ལ་སྐུལ།།
网友评论