ཉིན་ཐོ་རེ་འབྲི་སྐབས།
ངའི་ཚོར་བ་ངོ་མ་ཞིག་ཤོག་དཀར་ལ་ཕབས་ཏེ
མི་ཚེ་ཞིག་གི་དགའ་སྡུག་དལ་གྱིས་བསུས་ཡོད
ངས་རང་ཉིད་ངོ་མ་ཞིག་ཤོག་ངོར་བྲིས་ཏེ
རང་གཤིས་དྭངས་མོ་ཞིག་གསལ་དུ་བཅུག་ཡོད
སྐྱེས་བ རྒུད་པ འཆི་བ ཡོད་ཚད་ལ་གནོང་འགྱོད་མེད་པར
མི་ཡུལ་པ་ཚོ རང་ཉིད་དང་རང་གཤིས་ཀྱིས་ཕྱིར་དྲན་ཞིག
སྨྱུག་ཁ་དང་ཤོག་ངོར་བྲིས་སོ
2015 8 9
网友评论