美文网首页
ན་གཞོན་གྱི་རྨི་ལམ།

ན་གཞོན་གྱི་རྨི་ལམ།

作者: 我的未来正在搜索 | 来源:发表于2017-12-20 11:31 被阅读0次

        ན་གཞོན་གྱི་རྨི་ལམ།

                                                            ཟླ་བ་སྒྲོལ་མ།

    སྤྱིར་རྨི་ལམ་རྨིས་པ་ནི་མི་ཞིག་གི་ལྷན་གཤིས་སུ་སྒྲུབ་ཅིང་།  རྨི་ལམ་ཞིག་གིས་རྐྱེན་པས་འཇིག་རྟེན་འདིར་མཚར་སྡུག་ལྡན་པའི་བྱ་གཞག་རླབས་པོ་ཆེ་མང་པོ་ཞིག་ཆར་རྗེས་ཀྱི་ཤ་མོ་ལྟར་རྡོལ་བཞིན་ཡོད།  རྨི་ལམ་ཞིག་གིས་འཇིག་རྟེན་སྐྱ་བོར་འདིར་མཚོན་ལྔའི་མདང་སུ་སྤྲས་ཞིང་། རྨི་ལམ་ཞིག་གིས་སེམས་པ་ཁེར་རྐྱང་དེར་རེ་སྒུག་གི་ཉི་འོད་སྦྱིན། 

              རྨི་ལམ་ཞེས་པའི་ཡིག་འབྲུ་འདི་གཉིས་གླེང་དུས་ངས་ཅི་ནས་ཀྱང་མུན་ནག་དྲན་སྲིད།  རྨི་ལམ་ཞེས་པའི་ཡིག་འབྲུ་འདི་གཉིས་གླེང་དུས། ངས་ཅི་ནས་ཀྱང་འོད་ཟེར་དྲན་སྲིད།  རྒྱུ་མཚན་ནི་རྨི་ལམ་ཞེས་པའི་ཡིག་འབྲུ་འདི་གཉིས་ཀྱི་ཁོག་ན་ངའི་དཀར་ནག་འདྲེས་མའི་མངར་བསྐྱུར་གྱི་འཚོ་བ་དག་སྤུང་ཡོད་པས་སོ།

            སློབ་གསེང་གི་བར་སྐབས་དག་སྤྱད་ནས་རི་བོའི་གཏོས་དང་མཉམ་པའི་མེ་པོའི་གསུང་རབ་དག་ལས་རེ་གཉིས་བླངས་ཏེ་འདྲེན་བྱེད་ཀྱི་ལམ་དུ་བསྒྱུར་དུས་འདས་ལོ་རྒྱ་ཕྲག་དུ་མའི་སྔོན་གྱི་གངས་ཅན་ཁ་བའི་ལྗོངས་ཀྱི་མེས་པོ་ཡང་མེས་དག་གི་མི་ཚེའི་མཛད་འཕྲིན་རྣམས་གཟུགས་འཛིན་མིག་གི་བདུད་རྩིར་འགྱུར་ཅིང་གསེར་དང་མཚུངས་པའི་རྣམ་དཔྱོད་དྭངས་མ་དག་བློ་ཡི་བཅུད་དུ་སིམ།

      དངོས་པོའི་དཔལ་ཡོན་དར་ཁྱབ་ཆེ་བའི་དུས་རབས་ཉེར་གཅིག་གི་མཁའ་དབུགས་འདིའི་ཀློང་ནས་འུ་ཚོས་དུས་རབས་ཀྱི་རྐང་རྗེས་ཟིན་པར་བྱས་ཏེ་དྲིན་ཆེན་ཕ་མའི་བཀའ་དྲིན་འོག་རང་ཉིད་ཀྱི་རྨི་ལམ་འཚར་པོ་དེའི་ཆེད་དུ་འབད་བརྩོན་བྱེད་དགོས།

            ང་ལ་རྨི་ལམ་ཞིག་ཡོད་པ་ནི་མུན་ནག་ཁྲོད་ནས་འོད་ཟེར་འཚོལ་རྒྱུ་དེ་ཡིན།  ང་ལ་རྨི་ལམ་ཞིག་ཡོད་པ་ནི་ཡབ་ཡུམ་གཉིས་ཀྱི་བྱམས་བརྩེ་སེམས་སུ་རུམ་ནས་མདུན་བསྐྱོད་ཀྱི་ལམ་ལ་བསྙེགས་རྒྱུ་དེ་ཡིན། 

           

       

    相关文章

      网友评论

          本文标题:ན་གཞོན་གྱི་རྨི་ལམ།

          本文链接:https://www.haomeiwen.com/subject/slqgwxtx.html