美文网首页
ལམ་མགྲོན་སྐྱིད།

ལམ་མགྲོན་སྐྱིད།

作者: 6f8af74aaebf | 来源:发表于2018-05-25 15:38 被阅读0次
    འཚོལ་བའི་མི།    དེ་རིང་རྙེད་བྱུང་།

    ཁྱོད་གང་ན་སོང་།

    སྨག་རུམ་གྱི་ཁྲོད་ནས།      ལག་ཟུང་གི་སྦྲེལ་ཐག་ཆད་རྗེས།

    ཁྱོད་གཏན་དུ་བོར་སོང་།      དུས་དེ་ནས་བཟུང་།

    ངས་འགྱོད་སེམས་དང་ན་ཟུག་ཁྱེར་ཏེ་ཁྱོད་ཁོ་ན་འཚོལ་ནས་འགྱེལ།   

    ཁྱོད་གང་ནས་བསྡད།        རྨི་ལམ་གྱི་ཁྲོད་ནས།

    ལྷན་འཛོམ་གྱི་ལས་འཕྲོ་རྫོགས་རྗེས།

    ཁྱོད་གཏན་དུ་བོར་སོང་། དུས་དེ་ནས་བཟུང་།

    ངས་ཕྱིར་དྲན་དང་སྐྱོ་བ་ཁུར་ཏེ་ཁྱོད་ཁོ་ན་གླེང་ནས་ངུས།   

    ཁྱོད་གང་ནས་འཚོས།

    ལས་རླུང་གི་ཁྲོད་ནས།      ཁ་པར་གྱི་འབྲེལ་ཐག་ཆད་རྗེས།

    ཁྱོད་གཏན་དུ་བོར་སོང་།      དུས་དེ་ནས་བཟུང་།

    ངས་དྲན་གདུང་དང་མིག་ཆུ་རུམ་སྟེ་ཁྱོའི་འཛུམས་མདངས་ལ་རུམ་ནས་ཉལ།

    ངའི་ཤ་གསེང་གི་ཁྲག་རུས་གསེང་གི་རྐང་།          དེ་རིང་ཁྱེད་ཁོ་ནར་རྙེད་བྱུང་།    ངའི་རྨི་ལམ་རྙེད་བྱུང་།  ངའི་ལས་རླུང་རྙེད་བྱུང་།  ལྷན་འཛོམས་ཀྱི་ཉིན་འདི་ནས་བཟུང་དུས་གཏན་དུ་ཁ་མི་བྲལལ‍❤️‍‍❤️‍

    相关文章

      网友评论

          本文标题:ལམ་མགྲོན་སྐྱིད།

          本文链接:https://www.haomeiwen.com/subject/sshujftx.html