美文网首页
དམངས་ཁྲོད་གཏམ་རྒྱུད་ལས་ཐོབ་པའི་བ

དམངས་ཁྲོད་གཏམ་རྒྱུད་ལས་ཐོབ་པའི་བ

作者: SONAM0 | 来源:发表于2020-12-02 21:30 被阅读0次

    རི་དྭགས་ཤ་བ་བསད་པའི་རྣམ་སྨིན་ཞེས་པའི་དམངས་ཁྲོད་ནས་དངོས་སུ་བྱུང་བའི་གཏམ་རྒྱུད་ཅིག་གི་བརྒྱུད་རིམ་ཆ་ཚང་ལ་ཉན་རྒྱུ་བྱུང་བས། ལས་འབྲས་དང་དམིགས་བསལ་མཐོང་ཆོས་མྱོང་འགྱུར་གྱི་ལས་ཞེས་པར་གོ་བ་རགས་པ་ཙམ་དང་ཡིད་ཆེས་སྣ་ཟིན་ཙམ་སྐྱེ་རྒྱུ་བྱུང་། ཤ་བ་མང་བོ་ངན་གསོད་བྱས་པའི་རྔོན་པ་ཁོའི་ཡ་ང་་ཞིང་འཇིགས་སུ་རུང་བའི་མི་ཚེའི་བརྒྱུད་རིམ་དེར་ཕྱིར་འདང་རེ་བརྒྱབ་ན། དངོས་གནས་རང་གི་མི་ཚེ་ལ་ཡང་འདང་རྒྱག་མང་བོ་སྤྲད་ཡོང་། རང་ཉིད་ཀྱིས་ཀྱང་བསམ་བཞིན་དང་བསམ་བཞིན་མ་པའི་ངང་ནས་ལས་ངན་སྣ་ཚོགས་ཤིག་བསགས་ཟིན་པ་གཏན་ཁེལ་ཡིན་པས། ད་ལྟ་ད་དུང་ཡང་རྔོན་པ་ཁོའི་ཚེ་སྟོད་ནང་བཞིན་མ་རིག་པ་དང་ལས་ངན་གྱིས་བསྒྲིབས་ཏེ། རང་སྟེང་ལ་མི་དགེ་བའི་ལས་ཀྱི་རྣམ་སྨིན་གང་ཞིག་མངོན་སུམ་དུ་བྱུང་དང་འབྱུང་བཞིན་ཡོད་པའང་ཤེས་མེད་ཚོར་མེད་ཀྱི་ངང་ན་གནས་ཡོད་དམ་སྙམ་སྟེ་སྐྱི་གཡའ་བའི་ཚོར་བ་བྱུང་། གཏམ་རྒྱུད་དེས་ནི་རྟག་པར་བྱ་བ་གང་ཞིག་འགྲུབ་པར་བར་ཆད་ཆེ་བ་དང་ཆགས་སྒོ་མང་བ། རང་གི་འདོད་དོན་བཞིན་པའི་མི་འགྲུབ་པའི་རྒྱུ་རྐྱེན་གཞན་ཞིག་ནི་སྔོན་བསག་ལས་ཀྱི་གནད་དོན་ལ་ཐུག་པ་ཡོད་པའི་རྣམ་གཞག་དེར་སྡོམ་ཡག་པོ་ཞིག་བརྒྱབ་འདུག་བསམ། ལྷག་པར་ནང་ཆོས་ཀྱི་བསམ་བློ་ཡོད་མཁན་ཞིག་ཡིན་ཚེ། གནད་དོན་གང་ཞིག་ལ་འཕྲད་སྐབས་མིག་སྔར་གྱི་རྒྱུ་རྐྱེན་ཙམ་ནི་ཡོད་ཚད་དུ་མི་འཛིན་པར་འདས་མ་ད་གསུམ་གྱི་རྒྱུ་རྐྱེན་མང་བོ་བློ་ཡུལ་དུ་ཤོང་ཐུབ་པ་དང་ཕུགས་རྒྱང་རིང་བའི་བསམ་བློ་འཁོར་ཐུབ་མཁན་ཞིག་ཅིས་ཀྱང་ཡིན་དགོས་ས་རེད་སྙན་དུ་དྲན་ཡོང་བས། མདོ་དེད་ན་གཏམ་རྒྱུད་དེ་ལས་བློ་སྐྱེད་དང་བསག་གཞིགས་ཀྱི་ས་བོན་མང་བོ་རག་སོང་། བཤད་པ་པོར་སྐུ་དྲིན་ཆེ་ཟེར་བ་དེ་ཡིན།

    相关文章

      网友评论

          本文标题:དམངས་ཁྲོད་གཏམ་རྒྱུད་ལས་ཐོབ་པའི་བ

          本文链接:https://www.haomeiwen.com/subject/suzuwktx.html