美文网首页
2018-06-12

2018-06-12

作者: 路行着 | 来源:发表于2018-06-12 21:19 被阅读0次

          {དྲན་པའི་སེམས་ཀྱི་ན་ཟུག} 

མཁས་དབང་གསེར་རིའི་ཕྲེང་བའི་གྲལ་འགོ་ན།།

  མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་སྟེང་ན།།

  རྣམ་གསུམ་གོས་ཀྱིས་མཛེས་པའི་དམ་པ་ཁྱེད།།

  སྤྱི་མཐུན་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་ལགས།།

    དགུང་སྔོན་གུར་ཁང་འདི་ཡི་མར་འོག་ན།།

    ཟླུམ་གཟུགས་གོ་ལ་འདི་ཡི་ཡང་སྟེང་ནས།།

ལུགས་གཉིས་གསུང་གི་བདུད་རྩི་མཁར་འཕྱོ་བས།།

མཛད་པའི་གྲགས་སྙན་ཕྱོགས་བཞིའི་གླིང་ན་ལྡིར།།

      མདོ་ཁམས་རྟ་འུ་གཡང་སྡེ་ཕྱུག་མོ་རུ།།

      སྐལ་ལྡན་གདུལ་བྱ་འབུམ་གྱི་བློ་ངོ་ན།།

    སྟོན་པ་སངས་རྒྱས་འདྲ་བའི་སྐྱེས་བུ་ཁྱེད།།

    སྒོ་གསུམ་གུས་པའི་ལྷ་ཕྱག་ཕུལ་ས་ཡིན།།

      རེ་སྒུག་ཕར་ལ་བསྐྱལ་བའི་ཉིན་དང་ཟླར།།             

    དྲན་པ་ཕྱིར་ལ་འཁྲེང་བའི་བར་ཁུག་ནས།།

    ཡ་ཆུང་སེམས་ལ་ཉལ་བའི་སྐྱོ་སྣང་འདི།།

  སྨྱུ་གུའི་རྩེ་མོས་དབྱངས་གསལ་གཟུགས་ཀྱིས་བྲིས།།

相关文章

网友评论

      本文标题:2018-06-12

      本文链接:https://www.haomeiwen.com/subject/sworeftx.html