美文网首页
自然安住___十二世苏曼迦旺仁波切

自然安住___十二世苏曼迦旺仁波切

作者: 苏曼秋阳 | 来源:发表于2020-11-28 08:22 被阅读0次

མི་མནོ་ཞེན་དོན་འདས་རྟོག་གཟུང་འཛིན་རྒྱུ།།

不思執境之因過去法

རྣལ་འབྱོར་ཉམས་ལེན་འདས་དཔྱད་རག་མ་ལས།།

行者實修不依過去法

དེས་ན་ད་ལྟའི་རང་བཞིན་འོད་གསལ་སེམས།།

故此當下自然光明心

མ་གཡེང་མ་བཅོས་རང་གར་གནས་པ་དགོས།།

不亂不作需自然安住

བླང་དོར་ཉམས་ལེན་མི་བརྟན་རྐྱེན་དབང་ཤོར།།

取捨實修不穩隨緣跑

དཔེར་ན་ཕྱི་མི་ནང་ལ་ཤོར་བ་བཞིན།།

如同外人侵入自家中

དེ་ཕྱིར་རང་བབ་གནས་ཤིང་བཅོས་སླད་དོར།།

故此安然而住捨造作

མི་བསམ་ད་ལྟའི་སེམས་ཉིད་བཅོས་མེད་བཞག།

不想無作安住當下心

མི་སེམས་མ་འོངས་མདུན་བསུ་སྤང་དགོས་ཤིང་།།

不念應斷未來幻想欲

སྤངས་ལེན་བྱས་པས་མཉམ་བཞག་གཏིང་མི་ཚུགས།།

因作取捨禪定不可穩

རྣལ་འབྱོར་དངོས་གཞི་བཟུང་བའི་གནས་སྐབས་སུ།།

瑜伽行者修持正行時

རྣམ་རྟོག་དབང་གིས་ཟིན་པའི་གོ་སྐབས་ཤོར།།

失去妄念獲自在機會

མི་སྒོམ་ཉི་ཚེ་སྟོང་ཉིད་མཐའ་རུ་ལྷུང་།།

不觀暫時空性墮一邊

དང་པོར་ཡོད་ལ་ཕྱིས་སུ་མི་འགག་ཉིད།།

本初存在再後不破滅

དེ་ཕྱིར་རང་ལུགས་ཇི་བཞིན་མི་རྟོགས་པས།།

故未能證如是自實相

སྣང་བ་རང་སར་བཞག་ལ་ཆོས་ཉིད་མཇལ།།

外相自然擱置見法性

མི་དཔྱད་དམིགས་ཡུལ་རང་གར་བེ་ལེ་བཞག།

不察所觀境物泰然住

དཔྱད་ན་ཇི་ལྟར་བཟང་ཡང་མཚན་མ་ཙམ།།

若察即使美妙亦執念

བཟང་ངན་རྟོག་པས་ཆོས་ཉིད་ཞལ་མི་མཇལ།།

善惡妄念不見法性相

དེས་ན་མ་བཅོས་ལྷུག་པོར་གཡོ་མེད་གནས།།

故此無作不動坦然住

རང་སོར་བཞག་པས་ཆོས་ཉིད་རྗེན་པར་རྟོགས།།

坦然住故見赤裸法性

ལེགས་འདོད་བཟང་འདོད་འོད་གསལ་ཡལ་ཉེས་ཡོད།།

願美欲妙恐光明消褪

དེས་ན་རང་བཞིན་གསལ་ལེ་ཧྲིག་གེ་བ།།

故此自然金燦燦光明

བློ་འདས་རང་རིག་རང་གསལ་ཅེར་གྱིས་མཐོང་།།

超思自光自明能親見

༢༠༢༠/༡༠/༢༡ ཉིན་ཟུར་མང་གར་དབང་ནས་བྲིས།

2020年10月21 蘇曼迦旺 書

相关文章

网友评论

      本文标题:自然安住___十二世苏曼迦旺仁波切

      本文链接:https://www.haomeiwen.com/subject/tflqwktx.html