(Petöfi Sándor)ཕེ་ཏོ་ཧྥེ།
ང་ནི་བཞུར་ཆུ་ཡིན་ཆོག །
རི་སྡིངས་ཆུ་ཕྲན་ཡིན་ཆོག །
རི་ལམ་ཟབ་ཀྱོག་ཁུག་ཀྱོག །
གྲམ་རྡོ་བརྒྱུད་ནས་བཞུར་རུང་ ། །
ང་ཡི་རོགས་ལོ་ཁོ་ན ། །
ཉེའུ་ཁེར་ཅིག་ཡིན་ན ། །
ང་ཡི་རླབས་བུའི་མེ་ཏོག །
ཚལ་ནས་རྩེད་མོར་གཡེང་ཤག །
ང་ནི་སྤེན་ཐང་ཡིན་ཆོག །
ཆུ་དང་ཆུ་འགྲམ་གཉིས་སུ ། །
འཚུབ་མ་གདོང་གིས་ལེན་ཞིང་ ། །
དེས་མཛངས་དོ་ཡར་བསྡོས་རུང་ ། །
ང་ཡི་རོགས་ལོ་ཁོ་ན ། །
བྱེའུ་ཆུང་ཁེར་ཅིག་ཡིན་ན ། །
བསྣོལ་མ་དང་ནི་ཡལ་ཀར ། །
ཚང་བཅའ་གླིང་བུ་འབུད་ཤག །
ང་ནི་ཧྲག་ལེབ་ཡིན་ཆོག །
རི་གཟར་ཕ་བོང་སྒང་གི །
ཧྲག་ལེབ་ཏུར་གྱིས་སྡུག་དུས ། །
ང་ལ་གཅོང་སེམས་མི་འདུག །
ང་ཡི་རོགས་ལོ་ཁོ་ན ། །
དགྱ་ནག་སྦ་ཤིང་ཡིན་ན ། །
འཁྱགས་པའི་དབུ་ཐོད་གཡོག་ནས ། །
ཡར་འགོས་ང་ལ་བརྟེན་ནས ། །
ལག་ཆགས་འཚར་ལོངས་བྱུང་ཤག །
ང་ནི་བཞུར་ཆུ་ཡིན་ཆོགང་ནི་རྩྭ་ཁང་ཡིན་ཆོག །
ཁོལ་ཡངས་ལུང་གཞུང་ཞིག་ཏུ ། །
ཁང་ཀླད་ཆར་ཆུས་འཐག་རུང་ ། །
ང་ཡི་རོགས་ལོ་ཁོ་ན ། །
སྙིང་རྗེའི་མེ་དཔུང་ཡིན་ན ། །
ང་ཡི་ཐབ་ཀའི་ནང་དུ ། །
ལམ་ལུམ་མེ་སྟག་གཙུབ་ཤག །
ང་ནི་སྤྲིན་དཀར་ཡིན་ཆོག །
དབྱིབས་ཟད་དར་མདོངས་ཡིན་ཆོག །
འབྱམས་ཀླས་ནམ་མཁའི་གཞི་ལ ། །
སྒྱིད་ལུག་རླུང་གིས་བསྐྱོད་རུང་ ། །
ང་ཡི་རོགས་ལོ་ཁོ་ན ། །
དམར་ཆུང་བྱུ་རུས་བརྡུང་བའི ། །
ཞོགས་རྩེའི་ཟེར་མ་ཡིན་ན ། །
མདོག་མེད་ང་ཡི་འགྲམ་པུར ། །
བཅར་ནས་འོད་སྣང་བགོ་ཤག །
ང་ནི་བཞུར་ཆུ་ཡིན་ཆོགབོད་བསྒྱུར་བ། གེབ།
网友评论