རི་ཆུ་སྟོང་ཕྲག་གི་ཕ་རོལ་ནས།
དྲན་གདུང་གི་མཆི་མ་སྟོན་འཇུག་གི་སྡོང་ལོ་ཇི་བཞིན། འགྲམ་ངོགས་ཀྱི་གཙང་བའི་རླབས་ཀྱིས་འཁུར་དུས།
ངས་ཉིན་ཞག་གི་ཕྲང་བ་བཙན་གྱིས་བགྲངས་ཏེ། ཨམ་ཚུགས་གི་མགོ་ལྕོག་ལྡེམ་ནས།
འདུས་ཟིན་པའི་ལོ་ཟླ་ལ་ཕྱིར་སློག་རེ་བྱས་ན།
མཚན་མོ་རེ་རེའི་ཆེས་གསལ་བའི་ཟླ་ངོགས་ནས།
སེམས་ཀྱི་སྐྱོ་གཞས་དག་དབང་མེད་དུ་རླུང་གི་འཁུར་ནས་ཁྱོད་ཕྱོགས་ལ་བརྒལ་ནས་ཤོར་འགྲོ།
རྨི་ལམ་ལྟ་བུའི་འཇིག་རྟེན་འདིར།
ངའི་གཏམ་རྒྱུད་ཀྱི་གླེགས་བམ་དག།
ཟླ་འོད་དང་སྐར་ཚོགས་ཀྱི་ཐོས་མྱོང་ལ། བརྗོད་འང་མྱོང། དེ་བས ངའི་མངར་སྐྱུར་གྱི་ཚོར་བའི་ཟིན་བྲིས་འདི། རྒས་དྲགས་པའི་ལམ་ལུགས་ཞིག་དང་འཕྱི་ཟིན་པའི་དུས་ཚིག་ཞིག་གི་བར་དུ། ས་རྡུལ་གྱི་ཟིན་བཞིན་འང་ཡོད།
གང་ལྟར། ངའི་རྨི་ལམ་གི་ཟླ་ངོགས་ནས་ནམ་ཡང་ཁྱོད་དང་འུ་གཉིས་ཀྱི་གཏམ་རྒྱུད་ཁོ་ན་འབྲི་འདོད།།
网友评论