美文网首页
རྣམ་གཡེང་གི་ལེའུ།

རྣམ་གཡེང་གི་ལེའུ།

作者: SONAM0 | 来源:发表于2021-01-03 23:58 被阅读0次

    དེ་རིང་དུས་ཚོད་ཡོད་ཚད་ངལ་གསོའི་སྒང་ལ་བཏང་བཞག དགའ་སྤྲོའི་གླིང་ག་ཞེས་པའི་ཁམས་པ་བརྙན་འཕྲིན་ཁང་གིས་ལེ་ཚན་གསར་བ་ཞིག་གཏོང་བཞིན་འདུག་པས། ཉིན་གང་བོར་དེར་བལྟས་ནས་བསྡད་བཞག ལེ་ཚན་བཅུ་གྲངས་ཤིག་འདུག་པས་གཅིག་ལ་མྱོང་རོལ་བྱས་ཚར་བ་གཞན་དག་ལ་ཡང་གཅིག་རྗེས་གཉིས་མཐུད་ཀྱིས་མ་བལྟས་ཐུ་མེད་ཆགས་པས། ད་བར་དུ་བཏང་ཟིན་པའི་ལེ་ཚན་ཆ་ཚང་ལ་བལྟས་ཚར། ང་ནི་གཤིས་ཀའི་ཆ་ནས་ཐོག་མ་ནས་བརྙན་འཕྲིན་དང་། རྩེད་རིགས་སྣ་ཚོགས་དང་རིང་དུ་གྱེས་ན་བཟང་བ་ལས། གལ་སྲིད་དེའི་སྐོར་ལ་ཐེངས་གཅིག་གཡེང་ཚར་ན་དེ་ནས་ལེ་ཚན་རྗེས་མ་དག་ལ་ཡང་རང་དབང་མེད་པར་ཕྱོགས་འགྲོ་བའི་སྐོར་དེ་ཡིན། དེ་ཡང་ཡིད་འགུག་སླ་བ་དང་ཚོར་བའི་དབང་དུ་འགྲོ་ཉེན་ཆེ་བའི་རྟགས་ཤིག་ཡིན་པ་ཡང་རྟོགས་ཡོང་ངོ་།། དེ་བས་དེ་རིང་གི་དུས་ཚོད་ཀྱང་ཚོར་བའི་རླུང་ཤུགས་ཀྱིས་དེད་དེ་རྣམ་གཡེང་གི་ཁམས་སུ་བསྐྱལ་ཚར་རོ།། ཡིན་ཡང་ད་ནི་རང་ལ་སྡུག་སྨྲས་འདོན་པ་ལས་ཅི་ཞིག་བྱ།

    相关文章

      网友评论

          本文标题:རྣམ་གཡེང་གི་ལེའུ།

          本文链接:https://www.haomeiwen.com/subject/uwhmoktx.html