སྟོན་ཁ་ཤར་སོང།

作者: 扎心平戳 | 来源:发表于2017-09-25 18:04 被阅读0次
    སྟོན་གྱི་སྒྲ་གདངས།

    དབྱར་གྱི་འཇུག་མ་རིམ་བཞིན་བསྡུས་སྟོན་གྱི་གོམ་སྟམས་འུར་སྒྲ་དང་བཅས་ཏེ་དབྱིག་འཛིན་སྒེག་མོའི་ངོས་ལ་དལ་བ་དལ་བུར་ཡོང།

    སྟོན་ཁ་ཤར་སོང་། ཁོ་མོ་གང་དུ་ཡོད་།

    ལོ་ཤས་སྔོན་གྱི་ཁོ་མོ་དབྱར་དང་འདྲ་བར་དགའ་སྣང་དང་རང་དབང།  ཕུགས་འདུན་ལ་ཁ་ཕྱོགས་སྟེ་ངེད་དང་མཉམ་དུ་དལ་བ་དལ་བུས་ཉིན་རེའི་དུས་ཚོད་དགའ་སྣང་དང་བཅས་སྟེ་སྐྱེལ་འོན་ཏེ་མི་རིང་བའི་སྔོན་ལ་ཁ་ོམོ་ཐག་རིང་དུ་སོང་ནས་ངེད་འགྲམ་ལ་ད་བར་འབྱོར་མ་མྱོང། ང་རང་སྟོན་ཁའི་ལོ་འདབ་ཀྱི་ཚོན་ཁྲ་གསེར་གསེར་དུ་འགྱུར་དུས་ཁྱོད་ལོག་ཡོང་སྙམ་ཡང་ཁྱོད་ངོ་མ་སླེབས་མ་སོང་།

    སྟོན་ཁ་ཤར་སོང་།  ཁྱོད་ཡོང་འདོད་གི་བློ་མིན་འདུག་གམ། ཁོ་མོའི་མུ་ཏིག་འདྲ་བའི་མིག་འབྲས་གཉིས་ཡང་བདག་གི་ཡིད་ངོར་གསལ་ལེར་འཆར་འོང།

    སྟོན་ཁ་ཤར་སོང་།  སྟོན་གྱི་མགོ་བོ་སྦ་གསང་མེད་པར་མངོན་མངོན་རྗེན་རྗེན་དུ་སླེབས་སོང་།ཡིན་ཡང་ཁོ་མོ་ནི་གྲིབ་གཟུགས་ཙམ་ཡང་རེག་རྒྱུ་མིན་འདུག།

    སྟོན་ཁ་ཤར་སོང་།  ཞིང་ནང་གི་ལོ་འབྲས་ཀྱང་སེར་ལམ་ལམ་དུ་འདུག་འོན་ཀྱང་ངའི་རེ་འདོད་ཀྱི་འབྲས་ཞིང་དེ་གང་ན་མཆིས་སམ། ཁྱོད་ནི་ངའི་རྨི་ལམ་ཞིག་དང་འདྲ་བར་ངའི་ཡིད་ཡུལ་ནས་ཡལ་བར་ཉེན།

    སྟོན་ཁ་ཤར་སོང།ང་རང་སླར་ཡང་ཁྱོད་སྒུག་འདོད་ཀྱི་བསམ་བློ་ལས་མ་འདས།

    དགུན་ཁར་གྲང་ངར་ཆེ་ན་ཁྱོད་ངའི་འགྲམ་ལ་ལོག་ཤོག།།

                      བཀྲིས་བདེ་ལེགས།

                                      བྱང་ཤར་དགེ་སློབ།

                                        བཀྲ་ཕུན་ནས།།

                              --༢༠༡༧.༩.༢༤

                      2017.09.24

    相关文章

      网友评论

        本文标题:སྟོན་ཁ་ཤར་སོང།

        本文链接:https://www.haomeiwen.com/subject/vbpdextx.html