ཐུབ་བསྟན། ཁྱེད་བདེ་མོ།
ཉིན་འདི་འགར་ང་གྲོང་ཁྱེར་གཞན་ཞིག་ཏུ་གྲོགས་པོ་འགར་བལྟ་རུ་སོང་ཡོད། ང་འདིར་གྲོགས་པོ་དེ་ཚོར་དཀའ་ངལ་གང་ཞིག་སེལ་རོགས་བྱེད་པར་འོང་བ་ཡིན་ལ། དེ་ནི་ཧ་ཅང་དཀའ་ཁག་ཆེ་བའི་ལས་ཤིག་ཡིན་པ་རྟོགས་སོང་། ངས་ལོ་མང་གི་དུས་ཚོད་སྤྱད་དེ་ཁྱིམ་ཚང་དེ་ལ་རོགས་རམ་ཞིག་བྱེད་འེ་ཐུབ་བལྟས་པ་ཡིན་ཏེ། ཁོང་ཚོ་འཚོ་བའི་ཟང་ཟིང་དང་ཉག་ཉོག་ལས་བརྒལ་ཏེ་དེ་ལས་ལྷག་པའི་ཟུར་གཞན་ཞིག་དང་གནས་ལུགས་ཤིག ཡང་ན་མི་ཕལ་མོ་ཆེའི་མིག་ནང་གི་འཚོ་བ་སྐྱ་བོ་དེ་ལས་བརྒལ་བའི་མཛེས་སྡུག་ཅིག་མཐོང་བར་རེ་བ་བྱས་པ་ཡིན། དྲང་མོར་བཤད་ན། ངས་ལོ་ངོ་བཅོ་བརྒྱད་ལྷག་ལ་རང་གི་དུས་ཚོད་དང་ནུས་པ་བཀོལ་ཏེ་ཁོང་ཚོར་རོགས་རམ་བྱེད་པར་འབད་པ་ཡིན། ཡིན་ཡང་། དེ་ལྟར་ཡུན་རིང་འགོར་བའི་ད་ལྟ་ད་གཟོད་དེ་འདྲའི་རང་ཉིད་ཀྱི་བརྩོན་པ་ལ་ནུས་པ་གང་ཡང་ཐོན་མེད་པ་ཤེས་སོང་། ཁོང་ཚོ་འཚོ་བའི་ཁྲོད་ཀྱི་ཉོག་དྲ་གང་ཞིག་ལས་ཐར་རྗེས་ཡང་བསྐྱར་ཉོག་དྲ་གཞན་ཞིག་ཏུ་ཚུད་འགྲོ་ཞིང་། མི་ཚེ་གང་པོར་དེ་འདྲའི་ཉོག་དྲ་ལས་ཐར་བའི་སྐབས་ཅུང་ཙམ་ཡང་མི་འདུག ཁྱེད་ཀྱིས་ཤོད་དང་། འདི་ནི་ལས་དབང་ཟེར་བ་དེ་རེད་དམ། ངས་བལྟས་ན་དེ་འདྲ་ཡིན་ངེས་རེད། དེ་ལས་བདག་ལ་འགྲེལ་སྟངས་གཞན་གང་ཡང་མི་འདུག
ཐུབ་བསྟན། ང་ལ་དྲི་བ་ཞིག་འདུག ཁྱེད་རང་ནང་བསམ་པའི་འཚོལ་སྙེག་གི་ལམ་བུ་ཞིག་ཏུ་ཞུགས་ཡོད་པ་དང་། སངས་རྒྱས་ཆོས་ལུགས་རང་ཉིད་ཀྱི་ལམ་སྟོན་ཞིག་ཏུ་བཞག་ཡོད་པ་མ་ཟད། གནས་ལུགས་གཞན་དང་ཁྱབ་ཁོངས་གཞན་གང་མང་ནང་བསམ་བློ་གཏོང་བཞིན་འདུག འདིས་སྐོར་ང་ཚོས་རེབ་གོང་དུའང་ཁ་བརྡ་བྱས་ཟིན་ཏེ། དེ་ཡང་ང་ཚོས་རྟག་པར་དཔེ་ཀློག་བྱེད་པ་དང་མི་གཞན་དང་བགྲོ་གླེང་བྱས་པ་བརྒྱུད་རང་ཉིད་ལ་གནས་ལུགས་ག་གེ་མོ་རྟོགས་པར་འཇུག་པའི་སྣེ་སྟོན་གང་ཞིག་འཚོལ་བ་རེད། ཉེ་ལམ་བདག་གི་ལུས་ཕུང་དེ་འདྲ་བདེ་པོ་མེད་ཅིང་། འདི་ནི་རང་ཉིད་ཀྱི་གོ་རྟོགས་མཐོ་རུ་འགྲོ་བའི་གོ་སྐབས་ཞིག་ཀྱང་རེད། ཉིན་འདི་འགར་ངས་ཚད་ལས་བརྒལ་བའི་ཀླད་པའི་འགུལ་སྐྱོད་བྱེད་བཞིན་ཡོད་ཅིང་། རྒྱའི་སྨན་ལུགས་ལྟར་ན་ལུས་པོ་བདེ་ཐང་མིན་པ་དེའང་ཀླད་པའི་འགུལ་སྐྱོད་དང་འབྲེལ་བ་ཡོད་པ་རེད་ཟེར། འདི་ལས་མིའི་སེམས་དང་ལུས་གཉིས་ནི་འབྲེལ་བ་དམ་པོ་ཡོད་པ་རྟོགས་ཐུབ།
དྲང་མོར་བཤད་ན། བསམ་བློ་གཏོང་མཚམས་འཇོག་རྒྱུ་ནི་ཧ་ཅང་ཁག་པོ་རེད། ཡིན་ཡང་ངེས་པར་བསམ་བློ་གཏོང་ཚད་ཇེ་ཉུང་དུ་གཏོང་དགོས་སྙམ། དོན་ངོ་མར་འདི་ནི་ང་ཚོ་རང་ཉིད་ཀྱི་བསམ་པའི་ངོ་བོ་དེ་གསལ་མིན་དང་འབྲེལ་བ་ཡོད་ངེས་སྙམ་སྟེ། བསམ་བློ་གཏོང་བའི་གོ་རིམ་ཁྲོད་འཆར་ཡན་དང་རྟོག་བཟོ་སྣ་ཚོགས་ཁྲོད་ལུས་ཡོད་པ་ལས། རང་ཉིད་ཕྱི་རོལ་ཡུལ་གྱི་དོན་དངོས་དང་བདེན་ལུགས་དེར་གཏན་ནས་སྦྲེལ་ཐུབ་པ་བྱུང་མེད། དེ་ནི་སྐབས་དེའི་སེམས་ཀྱི་ངོ་བོ་དེ་མེ་ལོང་ལྟར་གསལ་པོ་མེད་པའི་རྐྱེན་རེད། དེ་ནི་གློག་ཀླད་དང་མཚུངས་ཏེ། སྣང་ཚུལ་རྫུན་མ་ཞིག་ལས་བདེན་ལུགས་དང་དོན་དངོས་དང་འཕྲད་ཡོད་པ་མ་རེད། ཁྱེད་ཀྱིས་བལྟས་ན་དེ་འདྲ་ཞིག་རེད་དམ།
ད་ལྟ་དེར་དགུན་ཁར་སླེབས་ཡོད་ཀྱང་ཁྱེད་རང་དྲོན་པོར་བཞུགས་ཐུབ་པ་དང་ཆབས་གཅིག་ཏུ། རང་ཉིད་ཀྱི་ལས་འགན་དག་ལ་འབད་ཐུབ་པར་སྨོན། ཁྱེད་ཀྱི་གནས་ཚུལ་ག་འདྲ་ཡིན་མིན་བདག་ལ་ཤེས་འདོད་ཆེ།
ཁྱེད་ཀྱིས་བདག་ལ་གུས་པར་འོས་པ་ཞེས་ཟེར་མི་དགོས། ང་ཚོ་ཚང་མ་ཚད་ཐིག་གཅིག་གི་སྟེང་དུ་ཡོད་དེ། ང་ཚོ་ཚང་མ་བདེན་ལུགས་འཚོལ་མཁན་ཡིན།
For Teb Dan :
At the moment, I am visiting friends in another city. I am here to help these friends in a difficult situation; & I must say it really is difficult. I spent many years trying to get this family to go beyond normal living, to understand a little bit more; I must have spent about 18 years & spent a huge amount of energy, only to realise that it was completely useless. They continue to find themselves in one mess after another for reasons that could be overcome. What to do: is this karma? I think it is - there is no other explanation.
And I find myself with a question Teb Dan: you are a spiritual person; you draw on Buddhism to guide you, but are also sufficiently broad to draw on other spiritual material. I think we discussed this in Tong Ren: we read & speak to people (I do the same) & so draw on any source which will help us understand. At the moment I am not well physically, but this state (it is not very serious) is in actual fact was a sign which I can learn from. At the moment I am working on excessive thinking & my present physical state, in Chinese (maybe also Tibetan medicine) is due to worry or excessive thinking. It is an indication of how the body & the mind cannot be separated & it all probably starts in the mind. Of course, it is very difficult to stop thinking - I am not able to, but one can try to reduce the excessive & obsessive thinking. Basically it is awareness isn’t it that can connect us with reality, because in thinking reality is not necessarily present, is it? It is like the computer, a virtual reality.
Hoping that you are not too cold now that winter is coming and are happily going about your tasks: I would be interested to know what you are doing.
Don’t call me honourable, I am on the same level as you - we are seekers of the truth / reality.
网友评论