རྟག་བརྟན་གྱི་གྲོགས
རྩོམ་པ་པོ===ཉག་ན་བུན
སྔོན་མའི་ལས་བཟང་བཀྲུགས་པས་ན།།
སྐལ་བ་ཐོན་ནས་མདུན་ལམ་མཐུན།།
མངོན་གྱུར་སློབ་གླིང་གཅིག་མཚུངས་པའི།།
བརྩེ་བའི་གཡུང་དྲུང་སྤུན་གྲོགས་གྱུར།།
དཔོན་གསས་ཚད་ལྡན་བླ་མ་རྗེར།།
དཔྱད་ནས་བསྟེན་པར་ལྷན་གཅིག་སོང་།།།
བདག་ཡིད་དགའ་མགུ་ཡི་རང་བཅས།།
མཆེད་གྲོགས་འཕྲད་པར་བཀའ་དྲིན་ཆེའོ།།
བདག་གི་སྙིང་གྲོགས་སྤུན་ཟླ་རྣམས།།
མ་འོངས་སྐྱེས་བུར་འགྱུར་བའི་སྨོན།།
མ་འོངས་འགྲོ་འདྲེན་འོས་བར་སྨོན།།
མ་འོངས་བྱང་ཆུབ་ཐོབ་པར་སྨོན།།
网友评论