美文网首页
ཅི་ཞིག་ལ་འཛིན་བདག་ཟེར།

ཅི་ཞིག་ལ་འཛིན་བདག་ཟེར།

作者: 411f075e9bf7 | 来源:发表于2018-04-29 00:03 被阅读0次

    ཅི་འདྲ་ཞིག་ལ་འཛིན་བདག་ཟེར།

    འཛིན་བདག་ནི་འཛིན་གྲྭ་ཞིག་ལ་མཚོན་ན་ཁྱིམ་ཚང་ཞིག་གི་བཟའ་དཔོན་ལྟ་བུ་ཡིན་ལ།བཟའ་དཔོན་དེའི་བཟའ་མི་རྣམས་ཀྱི་ཟས་གོས་གནས་མལ་ལ་གྲ་སྒྲིག་དང་ལྟ་རྟོགས་དགོས་པ་ནང་བཞིན།འཛིན་བདག་གིས་ཀྱང་འཛིན་གྲྭ་གཅིག་གི་སློབ་མ་ཡོངས་ཀྱི་སློབ་སྦྱོང་དང་འཚོ་བ།སྒྲིག་ལམ་དང་གཙང་སྦྲ་སོགས་ཕྱོགས་ཡོངས་ནས་ལྟ་རྟོགས་བྱ་དགོས།

    དགེ་སློབ་ཀྱི་བར་ལ་ཕ་མ་དང་བུ་ཕྲུག་གི་འདུ་ཤེས་ཆགས་སུ་བཅུག་ནས།སློབ་མས་དགེ་རྒན་ལ་གསང་བ་བཤད་ཕོད་པ།སྐྱིད་སྡུག་བཤད་ཕོད་པ་སོགས་ཕན་ཚུན་བར་འཛེམ་དོགས་མི་དགོས་པའི་འབྲེལ་བ་གཏིང་ཟབ་ཅིག་དགོས་ལ།

    སྡིགས་མཁན་དང་རྡུང་མཁན།གཅེས་མཁན།སྣེ་ཁྲིད་མཁན།འཁྱག་ལྟོགས་བྱུང་ན་ཟས་གོས་སྟེར་མཁན།ན་ཚ་བྱུང་ན་མཉམ་དུ་རྒྱུག་མཁན་ཅིག་ཡིན་ན།དེ་ལ་ཚད་ལྡན་གྱི་འཛིན་བདག་ཅིག་གི་མིང་བྱང་འགོད་རུང་།

    སློབ་གྲྭའི་ཁོར་ཡུག་ནས་དགེ་རྒན་ནི་ཕ་མ་དང་སློབ་མ་ནི་བུ་ཕྲུག་ཡིན་པས།ཕ་མ་བུ་ཕྲུག་གི་བར་ལ་དགྲ་ཞེན་ཡོད་མི་རུང་།

    相关文章

      网友评论

          本文标题:ཅི་ཞིག་ལ་འཛིན་བདག་ཟེར།

          本文链接:https://www.haomeiwen.com/subject/waanlftx.html