美文网首页
བྱིས་པ་ཚོའི་ངོ་གདོང་གཞན་ཞིག

བྱིས་པ་ཚོའི་ངོ་གདོང་གཞན་ཞིག

作者: SONAM0 | 来源:发表于2020-10-25 21:15 被阅读0次

    བྱིས་སྐྱོང་སློབ་གསོའི་མན་ངག་སྟོན་པའི་དེབ་ཅིག་ལས་བྱིས་པས་ཅི་འདོད་ཀྱི་འདོད་པ་ཐམས་ཅད་ཕ་མས་མྱུར་དུ་སྐོང་བར་འབད་ཚེ། བྱིས་པར་རང་བཞིན་བཟོད་བསྲན་ཆུང་ཞིང་སྡུག་རུས་མེད་པའི་གཤིས་ཀ་ཞིག་ཆགས་ཏེ། གཤིས་ཀ་དེས་ནི་བྱིས་པའི་མ་འོངས་པའི་མི་ཚེ་དོན་ལྡན་ཡོང་བར་འགལ་རྐྱེན་ཆེན་པོ་བཟོ་ཟེར། རྒྱུ་མཚན་ཕ་མས་གང་འདོད་བྱིན་ཏེ་གཅེས་ལངས་སུ་གཏོང་ཆེ་ན། བྱིས་པས་ནམ་ཡིན་ཡང་རང་གི་ཐོབ་བྱ་གང་དེ་མྱུར་དུ་ཐོབ་འདོད་སྐྱེ་ཤིང་གྲུབ་འབྲས་ཀྱང་ཐམས་ཅད་ཀྱང་མྱུར་དུ་རག་འདོད་སྐྱེ། འོན་ཀྱང་སྤྱི་ཚོགས་སུ་ཞུགས་པ་ནས་གྲུབ་འབྲས་དང་རྒྱལ་ཁ་གང་ཡིན་ཡང་དཀའ་སྤྱད་སྡུག་རུས་ཀྱི་གོ་རིམ་མང་བོ་བརྒྱུད་དགོས་ན། བྱིས་པ་དེའི་རིགས་ནི། སྤྱི་ཚོགས་ཀྱི་ལས་གནས་གང་དུ་ཞུགས་ཀྱང་མགོ་ཆད་མཇུག་རྡུམ་ཞིག་ལས་མཐའ་ཆོད་པའི་བྱ་བཞག་གང་ཡང་མི་འགྲུབ་པར་སྨྲ་བས་དེ་ནི་ཉེན་ཁ་ཆེན་པོ་ཞིག་གོ། ཉེན་ཁ་དེའི་འབྱུང་རྩ་ཡང་ཕ་མས་གཉོར་སྟངས་ལ་རག་ལས་སོ།། འོ་ན་ཇི་ལྟར་ཡང་དག་པའི་ལམ་ནས་བྱིས་པའི་དགོས་མཁོ་སྐོང་དགོས་ཞེ་ན། བྱིས་པས་གང་འདོད་པ་དེ་ཐད་ཀར་སྟེར་བ་དེ་མ་ཡིན་པར་དུས་ཡུན་ཕྱིར་འགྱང་བྱས་ནས་སྟེར་བ་དེའོ།། ཕྱིར་འགྱང་བྱས་པའི་གོ་རིམ་དེ་ནི་བྱས་པར་མཚོན་ན་ཡང་ཐོབ་བྱ་གང་དེ་ཐོབ་ཕྱིར་དུ་ངང་སྒུག་བྱེད་པའི་གོ་རིམ་ཞིག་ཡིན་པས། རྣམ་པ་དེས་ནི་ད་གཟོད་རིམ་གྱིས་བྱིས་པའི་སྙིང་རུས་དང་བཟོད་བསྲན། བརྩོན་སེམས་ཡོད་ཚད་སྐྱེད་བསྲིང་བྱས་ཡོང་ངོ་། དེ་འདྲའི་གོམས་གཤིས་ཡུན་རུང་དུ་བསྟེན་ན་མཐར་ཐུག་བྱིས་པ་ཚོ་གནས་གང་དུ་སོང་ཡང་གཞན་ལ་ལྟོས་པ་མེད་པར་རང་གི་སྙིང་རིས་དང་བརྩོན་སེམས་ཁོ་ནར་བསྟེན་ཏེ་རང་ལ་དབང་བའི་བདེ་སྐྱིད་ཀྱི་འཚོ་བ་གང་དེ་་གསར་བསྐྲུན་བྱ་ནུས་པས། ཕ་མའི་ལྟ་སྤྱོད་རེ་རེ་ནི། བུ་ཕྲུག་ཚོའི་མ་འོངས་པའི་སྐྱིད་སྡུག་ལེགས་ཉེས་སམ་ལས་དབང་དང་ཐད་ཀར་འབྲེལ་ཡོད་པའི་གནད་དེ་སྔ་ས་ནས་ཤེས་དགོས་སོ། །

    相关文章

      网友评论

          本文标题:བྱིས་པ་ཚོའི་ངོ་གདོང་གཞན་ཞིག

          本文链接:https://www.haomeiwen.com/subject/woznmktx.html