美文网首页
མི་ཉག་དགེ་བཤེས་ཐུབ་བསྟན་རྡོ་རྗེ་

མི་ཉག་དགེ་བཤེས་ཐུབ་བསྟན་རྡོ་རྗེ་

作者: 曲尔甲初 | 来源:发表于2018-03-25 17:02 被阅读0次
    མི་ཉག་དགེ་བཤེས་ཐུབ་བསྟན་རྡོ་རྗེ་མཆོག་གི་མཛད་རྣམ་སྙིང་བསྡུས

    དགེ་བཤེས་ཐུབ་བསྟན་རྡོར་རྗེ་ནི་འབྲས་བློ་གླིང་མི་ཉག་ཁང་མཚན་ནས་ཡིན་པ་དང་།    1959ལོར་སྐུ་འཁྲུངས་པ་དང་ད་ལྟ་རང་ལོ་58ཡིན་འདུག    ཕྱི་ལོ་1994ལོར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་ཏེ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཆོས་ཐོག་ཕེབས།    1991ལོར་དེང་དུས་ཀྱི་ཤེས་ཡོན་མང་པོ་ཞིག་ལ་སྦྱོང་འདོད་ཡོད་པས་ཨ་རིར་ཕེབས་ནས་ལོ་གསུམ་ཙམ་རིང་ཨ་རིའི་ལྷོ་ཕྱོགས་སུ་་་་་་SpringHillCollege་་་ཞེས་པའི་ཡེ་ཤུ་དགོན་པ་ཞིག་གི་སློབ་གྲྭ་ནང་སློབ་སྦྱོང་བྱས།  ཕྱི་ལོ་2006་ལོར་ཟླ་བ་དྲུག་ཙམ་གྱི་རིང་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་དགེ་བསྐོས་བཞེངས།      ཕྱི་ལོ་2005ལོར་རྡ་སར་དཔལ་ལྡན་སྟོད་རྒྱུད་གྲ་ཚང་དུ་སྔགས་རྒྱུགས་ཕུལ་ནས་ཨང་རིམ་གཉིས་པའི་སྔགས་རམས་པའི་ཕྱག་འཁྱེར་བླངས།    ཕྱི་ལོ་2006ལོརཨར་གྷན་སས་མཐོ་རིམ་སློབ་ཆེན་དུ་གདན་ཞུ་གནང་བ་ལྟར་ད་ལྟའི་བར་སློབ་ཕྲུག་བརྒྱ་ཕྲག་མང་པོར་བྱམས་སྙིང་རྗེ་རྩ་བར་གྱུར་པའི་ལྟ་གྲུབ་དང་རིག་གཞུང་སྐོར་སློབ་འཁྲིད་གནང་།  དེ་ནས་བཟུང་ལོ་གཉིས་རེ་ཡི་མཚམས་སུ་སློབ་ཕྲུག་ཉི་ཤུ་ལྷག་རྒྱ་གར་དུ་བཙན་བྱོལ་གཞུང་དང་དགོན་པ་ཁག་ཏུ་ཉམས་ཞིབ་ཁྲིད་པ་སོགས་རླབས་ཆེན་གྱི་ཕྱག་ལས་གང་མང་གནང་།    2011ལོར་མཐོ་རིམ་སློབ་ཆེན་དེར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གདན་འདྲེན་ཞུས་ཏེ་མི་མང་ཁྲི་ཕྲག་མང་པོར་༸གོང་ས་མཆོག་གི་ལམ་སྟོན་བཀའ་སློབ་ཞུ་རྒྱུ་ཡི་སྐལ་བཟང་གི་གོ་སྐབས་ཐོབ།    ཕྱི་ལོ་2016ལོར་མཐོ་སློབ་འདི་ཉིད་དུ་གཏན་འཇག་སློབ་དཔོན་དུ་བདམས་ཐོན་བྱུང་ཞིང་།    གཞན་ཡང་ཞོར་ལ་མཐོ་སློབ་མང་པོའི་ནང་སློབ་འཁྲིད་གནང་བཞིན་པ་དང་།  ད་དུང་གྲྭ་ཚང་ནང་བཞུགས་བའི་སྐབས་སློབ་གྲྭའི་དགེ་རྒན་སོགས་ཕྱག་ལས་གང་མང་གནང་ཡོད་པ་བཅས།

    相关文章

      网友评论

          本文标题:མི་ཉག་དགེ་བཤེས་ཐུབ་བསྟན་རྡོ་རྗེ་

          本文链接:https://www.haomeiwen.com/subject/wqfkcftx.html