དགུན་ཀྱི་དུས།
ནང་ཇ་ནི་ཆེས་སྤྲོ་སྐྱིད་ལྡན་པའི་དུས་ཤིག་རེད།
ཉི་ཟེར་གྱི་ཐོགས་མ་སྒེའུ་ཡོལ་ལས་ཁྱིམ་གྱི་ལྕག་ཐབ་གྱི་དྲོད་དང་འདྲེས་ནས།
རྫ་མ་ལས་ཆུ་བརློག་གིས་རྫིང་འཁྱིལ་ཇེ་མཐོ་ཇེ་སྐྱ་སུ་འཐུལ་སྐབས།
ཡར་དཀོན་མཆོག་ལ་མཆོད་ཆུ་བཤམས་ཚར།
མར་སྒོ་སྔུན་ལ་གཙང་སྒྲ་བྱེད་ཟིན།
ཨ་མའི་དཀར་ཡོལ་འབྲིག་མར་རྩམ་ཐུལ་དང་ཆུར་བ།
མར་དག་བསྣོལ་ནས་ནང་ཇ་ལ་རོལ་རྩིས་བྱེད་སྐབས།
རྫ་ཆུང་སུ་འོ་ཕྱེ་ལས་དཀྲིལ་བའི་འོ་ཇ་མཉར་མོ་གང་ཁོལ་བཞིན་ཡོད་ལ།
ལྷོག་ལྷོག་ངང་ཁྱིམ་མིའི་ཕོ་ཁ་ལ་འཛུལ།
ཁ་བརྡ་དང་འོ་ཇ་་འདྲེས་ནས་
འོ་ཇ་དང་རྩམ་པ་འགྲོགས་ནས་ནང་ཇ་དུས་ཚོད་གཅིག་ལས་ལྷག་ལ་རོལ་ངེས།
——༢༠༡༨ ༡ ༡༡
网友评论