![](https://img.haomeiwen.com/i13299668/8adf7e72b333aabb.jpg)
ལོ་ངོ་གཉིས་ཀྱི་ཡར་སྔོན་ནས་བཟུང་གཟའ་འཁོར་རེ་ལ་འཛམ་གླིང་ན་ཆེས་རྒྱུག་ཆེ་བ་དང་མིང་དུ་གྲགས་པའི་དཔེ་དེབ་རྩ་ཆེན་སྣ་ཚོགས་ཀློག་འགྲེལ་བྱེད་ཀྱིན་པའི་(樊登读书)ཞེས་པའི་མཉེས་ཆས་ཡག་པོ་འདི་དང་འཕྲད་པའི་སྐལ་བཟང་གི་ཉི་མ་ཤར། དུས་དེ་ནས་བཟུང་ཅི་ནུས་ཀྱིས་དེབ་སྣ་ཚོགས་ཀྱི་ཀློག་འགྲེལ་ལ་ཉན་ཐུབ་བྱས། ད་ལྟ་ནི་མཉེས་ཆས་འདིའི་སྒང་དུ་་ཀློག་འགྲེལ་བྱས་ཟིན་པའི་དེབ་ཉིས་བརྒྱ་ལྷག་ཡོད་པའི་གྲས་ཀྱི་ཕལ་ཆེ་བ་ཉར་ཚར་ཡོད། ཤིན་ཏུ་རིན་ཐང་ཆེ་ལ་ཉེ་བར་མཁོ་བའི་དེབ་དག་གི་བརྗོད་དོན་གལ་གནད་ཆེ་བ་དག་ཟིན་བྲིས་སུ་འདེབས་པར་འབད་པ་ཡིན། ད་ཚོད་ཟིན་བྲིས་ཀྱིས་ཀྱང་འབྲི་དེབ་གཉིས་ཙམ་བཀང་འདུག དེ་དག་གི་བརྒྱུད་རིན་ཁྲོད་ནས་བསམ་བློར་འགྱུར་ལྡོག་ཆེན་པོ་ཐེབས་ཤིང་རང་གཤིས་གྱོང་བོ་འདིའི་ཞན་ཆ་གང་མང་ཞིག་ཀྱང་ངོས་ཟིན་བྱུང་། དཔེ་ཀློག་གི་གལ་ཆེན་རང་བཞིན་ངོ་འཕྲོད་ཅིང་ཅི་ནུས་ཀྱིས་རང་གི་ཆེད་ལས་དང་འབྲེལ་མེད་ཀྱི་དེབ་སྣ་ཚོགས་བཀླག་ཐུབ་ན། ད་གཟོད་བློ་ཡུལ་ལས་འདས་པའི་བློ་སྐྱེད་དང་བསམ་བློ་གསར་བའམ་གོ་རྟོགས་ཁྱད་མཚར་མང་བོ་འབྱུང་ངེས་པའི་འདུ་ཤེས་གསར་བ་ཞིག་ཀྱང་སྐྱེས་སོང་། ཀློག་འགྲེལ་བ་གྲགས་ཅན་ཁོང་གི་སྐུ་དྲིན་ཉག་གཅིག་ལ་བརྟེན་ནས་ཁོ་བོས་ཀྱང་ལོ་ངོ་གཅིག་གཉིས་ཙམ་གྱི་ཡུན་ལ་འཛམ་གླིང་ན་སྙན་པའི་གྲགས་པ་འབར་བའི་དཔེ་དེབ་རྩ་ཆེ་བ་ཉིས་བརྒྱ་ཡས་མས་ལ་ཐོས་བསམ་རགས་ཙམ་བྱེད་ཐུབ་་པའི་ངང་ཚུལ་དེ་བསམ་ན་དངོས་གནས་དགའ་སྤྲོ་དཔག་མེད་སྐྱེས་ཡོང་། ཤིན་ཏུ་ཡིད་ཚིམས་པའི་སྣང་བ་འབྱུང་། དཔེ་ཀློག་གི་འཇིན་རྟེན་ནས་བསམ་བློ་གསར་བའི་མེ་ཏོག་སྣ་བརྒྱའི་དྲི་ངད་རྒུམ་པའི་ལོ་ཟླ་དེ་དག་དང་འཚོ་བ་སྣུམ་པོ་དེ་ནི། ཇི་འདྲའི་ཡིད་དུ་འོང་ལ། དོན་སྙིང་ལྡན་པ་ལ། མ་འོངས་པའི་ཆར་མུ་ནས་རིན་ཐང་ལྡན་ལ་དོན་སྙིང་ཆེ་བའི་དཔེ་ཀློག་གི་འཚོ་བ་རོལ་བཞིན་ཆེས་མཛེས་ཤིང་ལྟ་ན་སྡུག་པའི་རྒྱང་རིང་གི་ཕུགས་བསམ་འཚོལ་ཐུབ་པར་སྨོན།
网友评论