༼ ལྷ་སའི་སྦི་རག་ ༽
འཛམ་གླིང་ཡང་རྩེ་བསིལ་ལྡན་གངས་ཅན་པས།།
ལྷད་མེད་འབག་བཙོག་མེད་པའི་འབྲས་ལྡན་ནས།།
དེ་ལས་བྱུང་བའི་ལྷ་སའི་སྦི་རག་ཞེས།།
ཀུན་གྱི་དགའ་བའི་ཡིད་ཏུ་མཆོད་པ་འཕུལ།།
ལྷ་སའི་སྦི་རག་ཅེས་པའི་བཏུང་བྱ་འདིར།།
རྫས་འགྱུར་ངན་པའི་དུག་དང་མ་འདྲེས་ཞིང་།།
བོད་པའི་རང་སར་དོན་པས་འབྲུ་རིགས་ནས།།
དྭངས་གཙང་ལྷད་མེད་ཡིན་པར་ཀུན་གྱིས་གསལ།།
སྐུ་ལས་ཁག་བའི་དུས་སུ་སྐུ་ངལ་སེལ།།
སེམས་པ་སྐྱོ་བའི་དུས་སུ་སེམས་གསོ་བྱས།།
ཚ་བ་གདུང་བ་སྟེར་དུས་བསིལ་སྣང་སྦྱིན།།
མདོར་ན་སྐུ་ཉིད་དགའ་བའི་སྤྲོ་བར་བསྟེར།།
སེམས་པ་ལྷོད་ལྷོད་ངང་ནས་ཞལ་ཏག་བསྐྱོན།།
དགའ་དགའ་སྤྲོ་སྤྲོ་བྱས་ནས་སྦི་རག་མཆོད་།
སེམས་དང་མཐུན་པའི་བདུད་རྩི་མཆོད་ཆང་དེ།།
ཁྱེད་ཀྱི་སྐུ་ངོལ་འཕུལ་བར་དགའ་བས་འཚལ།།
网友评论