美文网首页
གྲང་ངར་རྒོད་པའི་ལོ་ཟླ།

གྲང་ངར་རྒོད་པའི་ལོ་ཟླ།

作者: SONAM0 | 来源:发表于2020-12-20 22:02 被阅读0次

    ད་བར་གྲང་ངར་རྒོད་པས་ཆོས་གྲྭ་འཚོག་ཐེངས་རེར་སྣ་དམར་པོར་གྱུར་ཅིང་རྐང་ལག་འཁོབས་འགྲོ། རྩོད་པ་བྱ་བསམ་ཡང་འདར་ཤ་ཞིག་གིས་ཀུན་ནས་གཡོས་ཏེ། ཚིག་ཙམ་ཡང་ཡག་པོར་ཤོད་དཀའ། ལན་རེར་ཙག་བསེར་བུའི་རླུང་བུ་བཙན་པོས་གཟེར་ཤ་དྲངས་ཡོང་ལ། ཡ་ཐོད་འཁྱགས་པས་བསྡམས་ཡོང་། སྣང་བའི་ཀློང་རིམ་ལ་ཁ་དང་བུ་ཡུག་འཚུམ་པར་བྱེད། སྐབས་དེར་སེམས་སུ་དོགས་སློང་གིས་གང་ཡང་ཕྱིའི་གྲང་ངར་གྱིས་ཡོངས་སུ་བསྡམས་ཏེ། ཡོད་ཚད་ཉག་ཐག་པར་བསྒྱུར་འགྲོ། འདི་ནི་དགུན་རྒྱ་སྟག་འདྲ་བོའི་ངར་སྐད་དང་ཟིལ་ཤུགས་ཡིན་པ་འདྲེ་ལེ། ད་ལོའི་དགུན་ཟླ་འདི་ལོ་སྔོན་མ་དག་ཀྱང་ལྡིབ་འགྱུར་གྱིས་གྲང་ངར་རྒོད་་པ་འདྲ་བས། མེ་ཏོག་ཁྲ་ལམ་མེར་བཞད་པའི་དབྱར་གཞུང་ཞིག་ལ་བློས་བསླངས་བྱེད་ཞོར། དགུན་ཟླ་འདི་དང་རྒྱང་དུ་གྱེས་འདོད་སྐྱེ་ཡང་། ཚེ་སྔོན་ལས་འཕྲོ་བཙན་པོས་གནས་འདི་འདྲ་ཞིག་ཏུ་རྒྱང་ཕུད་ལ་བཏང་འདུག་པས། གྲང་ངར་གྱི་སྡུག་བསྔལ་གྱི་ཆེ་ཡང་མི་འདོད་བཞིན་དུ་མྱོང་དགོས་འདུག ཕྱོགས་གཞན་ཞིག་ནས་བསམ་ན་དྲོ་གྲང་ཆ་མི་སྙོམས་པའི་དུས་བཞིའི་འགྱུར་ལྡོག་རེ་རེ་ནི། རང་བྱུང་ཁམས་ཆེན་པོའི་མི་ཡུལ་ལ་གནངས་པའི་མཛེས་སྡུག་དང་བླ་མེད་ཀྱི་ལེགས་སྐྱེས་བཟང་བོ་དེ་ཡིན་འདུག་ན། དགའ་དད་སྤྲོ་གསུམ་གྱིས་ངང་ནས་དང་ལེན་དང་བསྟུན་འགྱུར་བྱ་ཐབས་ལ་འབད་རྒྱུ་དེ་ཡང་གལ་གནད་ཅིག་ཡིན་ས་རེད། གང་ལྟར་དགུན་ཁ་ཞེས་པ་འདིས་སྐྱེ་དངོས་རྩི་ཤིང་ཐམས་ཅད་དང་སྲོག་ལྡན་འགྲོ་བ་མ་ལུས་པ་གྲང་ངར་གྱིས་མནན་ཡོང་བས། ལུས་སེམས་ལྷོད་ཡངས་བག་ཕེབས་སུ་གནས་པའི་གོ་སྐབས་ཤིག་ཡེ་ནས་མི་སྟེར་རོ།།

    相关文章

      网友评论

          本文标题:གྲང་ངར་རྒོད་པའི་ལོ་ཟླ།

          本文链接:https://www.haomeiwen.com/subject/ymhlnktx.html