美文网首页
སྙིང་ཉེ་མ།

སྙིང་ཉེ་མ།

作者: 玛尚卟姆 | 来源:发表于2017-05-04 18:31 被阅读0次

        བདག་སེམས་ཀྱི་དབུས་ན་བཀུར་བའི་སྙིང་ཉེ་མ།ཁྱེད་དང་ངེད་གཉིས།ཡུམ་ཆེན་གཅིག་གི་གཅེན་གཅུང་མིན་ཡང་།ལས་ཀྱིས་ལམ་ནས་མཇལ་བའི་ཕན་ཚུན་གྱི་འཚོ་བའི་སྡོང་གྲོགས་ཡིན་ལ།ཁྱེད་རང་ངའི་འཚོ་བའི་རྒྱབ་ལྗོངས་ན་མེད་མི་ཆོག་སྟེ།ང་རང་ཁྱེད་ཀྱི་འཚོ་བའི་རྒྱབ་ལྗོངས་ན་ཡང་མེད་མི་ཆོག   དེའི་ཕྱིར་དུ་ ཁྱེད་ཀྱི་ཡོད་ཚད་ངའི་འཚོ་བའི་རྩ་ཆེན་ཡིན།སྙིང་ཉེ་མ་  སྐྱེས་སྐར་བསུ།

         སྙིང་ཉེ་མ་   ངས་ ཁྱེད་རང་དཀའ་བཞིན་ཡོད་པ་ཤེས་ཡོད།སྐབས་འདིར།ཁྱེད་གྱི་འཚོ་བ་ལ་ང་རང་མཁོ་གལ་ཆེ་བ་རྟོགས་ཀྱང་། མདོར་ན་ངས་ཡོད་ཚད་ཤེས་བཞིན་དུ་  རང་དོན་གྱི་ཆེད་དུ་  གྲོང་ཁྱེར་འགྲིམས་སོང་། དེ་ཡིན་ན་ཡང་  འདུ་འཛི་ཆེ་བའི་གྲོང་ཁྱེར་འདིའི་གཞིས་ནས་ངས་ནམ་རྒྱུན་སྡེ་གྲོང་སྨུག་པོའི་ཕྱོགས་ལ་བརྡ་འཕྲིན་གང་རུང་གིས་འབྲེལ་བ་བྱས་ཏེ་རང་གི་བསམ་ཚུལ་མཐའ་དག་ཁྱེད་ལ་ཞུས་པ་ན་  ཁྱེད་ཀྱིས་ང་ལ་ཡིན་མིན་གྱི་ལན་ཞིག་གནང་དགོས།  དེ་མིན་ངས་བྱ་བ་གང་རུང་ཞིག་སྒྲུབ་རྩིས་བྱེད་ཀྱིན་ཡོད་ཀྱང་སྒྲུབ་ཐག་མི་ཆོད་པའི་གནས་སུ་ཆགས་འདུག ཁྱེད་ནི་ངའི་བསམ་བློའི་རྒྱབ་རྟེན་ཡིན་འདུག  ཁྱེད་རང་སྐྱིད་པོའི་ངང་ལམ་ལ་ཆས་དགོས།

          སྙིང་ཉེ་མ   མི་ཁོམ་པ་མང་པོ་ཞིག་གི་ཀློང་ནས་  རང་ལ་བདག་སྐྱོང་ལེགས་པོ་བྱེད་རྒྱུ་མ་བརྗེད།  སྐྱེས་མ་ནི་སྐྱེས་པ་ལྟར་འཚོ་བ་རོལ་བའི་མ་ཆོག་སྟེ ད་རུང་ཨ་མ་བྱེད་དགོས་པས་ ཧ་ཅང་རྒས་སླ་བའི་ན།ལུས་སེམས་གང་རུང་གི་རྩོལ་བའི་ཁྲོད་ནས་རང་ཉིད་རྒས་ཀྱི་མ་འཇུག    ཁྱེད་ནི་འབྱུང་འགྱུར་གྱི་ཨ་མ་རླབས་ཆེན་ཞིག་ཡིན་པ་ང་ལ་ཡིད་ཆེས་ཡོད།   ཁྱེད་ཀྱི་ཨ་མ་ལགས་ཚེ་རང་ལོ་བརྒྱ།

            སྙིང་ཉེ་མ  ཁྱེད་དང་ངེད་གཉིས་ལ་གཞི་མཐུན་གྱི་ཚོར་བའི་ལེའུ་ཡོད།ནམ་ཡང་ལམ་ལ་ཆས་དགོས།འཚོ་བ་ནི་ལྷག་པར་དུ་དངོས་ཡོད་ཀྱི་ཚོར་བའི་ལེའུ་ཡིན།སྤྱི་ཚོགས་ཀྱི་འཚོ་བས  ཞིམ་ལ་སྐྱུར་བའི་སློབ་གསོ་གནང་སྐབས།ངེད་གཉིས་ལ་ཧ་ཅང་སྙིང་རྗེ་བའི་ཚོར་བའི་ལེའུ་ཡོད།   སྙིང་ཉེ་མ་  ལམ་ལ་ཆས་དགོས། འཚོ་བའི་དབང་གིས་ངལ་དུབ་མང་ན་ཡང་བསམ་པའི་ལེའུ་ལྷག་ཏུ་སྐྱུར་མི་ཉན།དེ་ལྟར་ན་མཐར་དོན་སྙིང་ཀུན་ཏུ་ལྡན།

    20170504  00:00

     

    相关文章

      网友评论

          本文标题:སྙིང་ཉེ་མ།

          本文链接:https://www.haomeiwen.com/subject/ymsdtxtx.html