美文网首页
ཟངས་རི་གྲོང་རྡལ་སློབ་ཆུང་གི་ལུས་

ཟངས་རི་གྲོང་རྡལ་སློབ་ཆུང་གི་ལུས་

作者: 妞巴珞卡 | 来源:发表于2018-11-08 16:43 被阅读0次

        སྤྱི་ཟླ༡༡པའི་ཚེས༨ཉིན། ཟངས་རི་གྲོང་རྡལ་སློབ་ཆུང་སྟོན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་མཛའ་བཤེས་གཙོ་བོར་འཛིན། རྒྱལ་ཁའི་རྟེན་འབྲེལ་སྒྲིག་ཅེས་པའི་ལུས་རྩལ་འགྲན་ཚོགས་ཀྱི་ཉིན་གཉིས་པ་གྲོང་རྡལ་སློབ་ཆུང་གི་ལུས་རྩལ་ཐང་ཆེན་ནས་བསྡུས།

    རྒྱང་མཆོང་གི་རྣམ་པ། རྒྱུགས་རིང་གི་རྣམ་པ། རྒྱུགས་ཐུང་གི་རྣམ་གྲངས།

          རེབ་འདིའི་ལུས་རྩལ་འགྲན་ཚོགས་སྟེང་གྲོང་རྡལ་སློབ་ཆུང་གི་དགེ་སློབ་དང་ཁྱིམ་བདག་བཅས་མི་གྲངས་ལྔ་བརྒྱར་ཉེ་བ་སློབ་གྲྭའི་ཐང་ཆེན་དུ་འཛོམས་ནས་སྤྲོ་སྣང་ལྡན་པའི་ལུས་རྩལ་རྣམ་གྲངས་ཁག་ལ་མྱོང་རོལ་བྱས།

        ཉེ་བའི་ལོ་འདི་འགའི་རིང་། ཟངས་རི་གྲོང་རྡལ་སློབ་ཆུང་གིས་བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གཞིར་བཟུང་ནས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སློབ་གསོའི་སྲིད་ཇུས་ལག་ལེན་དོན་འཁྱོལ་བྱས་ཤིང་། སློབ་གསོ་འཕེལ་རྒྱས་ཀྱི་ལས་དོན་ལ་ཤུགས་སྣོན་དང་སློབ་གྲྭ་ཕྱི་ནང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱས་པས། སློབ་སྒྲུབ་ཀྱི་རྣམ་པར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ལ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་དང་སློབ་ཁྲིད་བཅོས་སྒྱུར་ལ་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་ཡོད། དེ་བས་ཟངས་རི་གྲོང་རྡལ་སློབ་ཆུང་གི་ཁྱད་ཆོས་ལྡན་པའི་མི་རིགས་སློབ་གསོའི་རྣམ་པ་གསར་པ་ཞིག་གྲུབ་ཅིང་འཕེལ་བཞིན་པའི་སྒང་ཡིན།

        འདི་ལོའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་འདི་ནི་སློབ་གྲྭའི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་གྱི་བྱེད་སྒོ་མཉམ་དུ་སྤེལ་བའི་སློབ་རའི་རིག་གནས་ལུས་རྩལ་གྱི་བྱ་འགུལ་ཆེ་ཤོས་ཤིག་ཡིན་པས། སློབ་མ་རྣམས་ཀྱི་སློབ་སྦྱོང་དང་རིག་གནས་ལུས་རྩལ་གྱི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་། དགེ་སློབ་ཡོངས་ཀྱི་མཛའ་བརྩེ་ཇེ་ཟབ། དེ་མིན་སློབ་མའི་འཇོན་ནུས་སྐྱེད་སྲིང་དང་སྔོག་འདོན་བྱེད་པར་ཕན་ནུས་ཆེན་པོ་ཐོན་ངེས་པར་མ་ཟད། སློབ་གྲྭ་ཡོངས་ཀྱི་རིག་གནས་སློབ་གསོའི་མཁའ་དབུགས་སྔར་ལས་ལྷག་པའི་སྒོ་ནས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད།

    ལུས་རྩལ་ཐང་གི་ཟུར།
    ལུས་རྩལ་ཐང་གི་ཟུར།

        ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀར་ཉིན་གཉིས་པའི་ལུས་རྩལ་རྣམ་གྲངས་རྐྱང་པ་བཅུ་ཙམ་ཞིག་དང་ཐུན་མོང་གི་རྣམ་གྲངས་གསུམ་ཙམ་གྱི་རིམ་པ་དང་པོ་ནས་གསུམ་པའི་བར་ལ་བྱ་དགའ་སྤྲད་ནས་བྱེད་སྒོའི་རྣམ་པ་འཁྲུག་ཏུ་བཏང་ཡོད།

    བྱ་དགའ་སྤྲོད་པའི་ཟུར་ཞིག

    བསྡུ་སྒྲིག་མཁན།  སྨྱོན་པ། ལྷོ་ཁ།

    相关文章

      网友评论

          本文标题:ཟངས་རི་གྲོང་རྡལ་སློབ་ཆུང་གི་ལུས་

          本文链接:https://www.haomeiwen.com/subject/yuiwxqtx.html