ཁྱེད་ནི་འོ་གངས་ཅན་གྱི་བུ་ཕྲུག།
སེང་དཀར་མོ་རྒྱུད་ཀྱི་བུ་ཚ་རེད།།
གོང་མེས་པོ་དད་པའི་འགིན་འཁྲི་ཡོད།།
གངས་རྗོགས་གི་མ་འཇུག་གངས་ཕྲུག་བུ།།
ཁྱེད་ནི་འོ་གཙང་ཆུའི་བདག་པོ་ཡིན།།
ཉ་གསེར་མིག་ཅན་གྱི་གྲོགས་པོ་རེད།།
ཆུ་གཙང་བོ་སྲོང་བའི་འགན་འཁྲི་ཡོད།།
ཆུ་རྙོགས་ཁུ་མ་འཇུག་གཙང་ཆུ་བུ།།
ཁྱེད་ནི་འོ་ཕ་བཟང་ཚང་གི་བུ།།
དྲིན་ཕ་མ་གཉིས་ཀྱི་རེ་བ་ཡིན།།
གཞི་ཕ་ཁྱིམ་སྐྱོང་བའི་འགན་འཁྲི་ཡོད།།
སྐྱིད་ཉམས་ཁི་མ་འཇུག་ཕ་བཟང་བུ།།
ཁྱེད་ནི་འོ་བྷོ་ཊིའི་གླུ་བ་ཡིན།།
སྐད་གླུ་ངག་ལ་རྒྱའི་དབྱངས་རྟ་རེད།།
སྤུན་སྙན་དབང་གསོ་བའི་འགན་འཁྲི་ཡོད།།
སྒྲ་ཉམས་ཁུ་མ་འཇུག་བྷོ་ཊིའི་བུ།།
网友评论