ཤེས་རབ་སེང་གེ།
ལས་ནི་ལས་ཞིག་ཡིན་པས། །
ཁྱོད་ཀྱང་དེད་ནས་ཐོན་བྱུང་། །
སྲིད་པའི་ཁ་ཡི་ཁ་འདིར། །
ངུ་རེས་དགོད་རེས་ཐོན་ཐལ། །
ཕ་མ་ལས་ལ་བསྐོས་པས། །
ཤ་ཚའི་རྩེ་བ་འབུས་བྱུང་། །
རྟག་ཞིག་ཡོད་ན་ཆོག་ཀྱང་། །
འདི་ལྟར་ཁྱོད་ཀྱང་གྲུབ་སོང་། །
སྲིད་པའི་འཁོར་སྟང་ཞིག་གི །
ལས་དེ་ང་ལ་འབྲེལ་བྱུང་། །
ང་ཡང་ཤ་ལས་གྲུབ་པའི། །
བརྩེ་བའི་ཚིག་འགའ་ཕུལཡོད། །
ཁྱོད་ཀྱང་སྐུ་ཚེ་བརྟན་ནས། །
དགའ་བའི་ཉི་མ་དེ་ཡང་། །
དེ་དང་དེ་ལས་འཕེལ་ན། །
བདག་གི་སྨོན་ལམ་དེའོ། །
གློ་བུར་གཏམ་དེ་གོ་བའི། །
ཚིག་འདི་བཙན་གྱི་བསྒྲིག་བཞག །
ཁྱོད་ཀྱི་ཕྱོགས་སུ་འཕུར་དུས། །
ང་ཡང་དྲན་པ་མཛད་རོགས། །
2017/12/11/ གློ་བུར་དུ་འཛིན་གྲོགས་ས་མཐའ་བའི།
网友评论