གལ་ཏེ།
ནམ་ཞིག་གི་ཚེ།
ཁྱེད་ལ་མདུན་སྐྱོད་ཀྱི་ལམ་བུ་མེད་བྱུང་ཚེ།
འགྲོ་རོགས་ཀྱི་ཆ་ཡ་བོར་སོང་ཚེ།
ང་ཟེར་བ་ཞིག་འཇིག་རྟེན་གྱི་གར་ངོགས་སུ་ཡོད་ན།
ཁྱེད་ཕྱིར་འཁོར་དང་།
ངའི་མདོག་མེད་ཀྱི་འཚོ་བ་ཡི་སྡུག་ན་སྐྱིད་ན་ཁྱོད་བསུ་ཁོ་ཐག་ཡིན།
རྒྱུ་མཚན།
ཁྱོད་ནི་ངའི་བརྩེ་བ་ཤོར་མྱོང་ཞིང་།
དུངས་བ་འདྲེན་མྱོང་བའི་མི་དེ་ཡིན་ཕྱིར།
网友评论