美文网首页
愿一遇为满愿

愿一遇为满愿

作者: 祥察 | 来源:发表于2018-12-18 09:42 被阅读0次

                        མྱུར་དུ་ཁྱེད་ལ་མཇལ་བར་སྨོན།

                            དཀོན་བའི་ནོར་བུ་རིན་བྲལ་རིག་པའི་གནས་ལ་དད།།

                            མཆོག་གི་ཡང་སྙིང་སངས་རྒྱས་རྣམས་ཀྱི་རིག་གཞུང་དག།

                            ཉི་ཟླ་ལྟ་བུའི་དམ་ཆོས་ལས་ནི་སྙིང་བོ་བླངས།།

                          མ་ཡིས་བུ་ལ་བརྩེ་བཞིན་སློབ་མ་བརྒྱ་ཕྲག་སྐྱོང་།།

                          ལུས་ངག་ཡིད་ཀྱིས་དགེ་འདུན་ཁྱེད་ལ་མགོས་ཕྱག་བགྱི།།

      དུས་ཚོད་ནི་རྨི་ལམ་དང་དྲན་པའི་འགྲོས་ལྟར་ད་ལྟའི་འཚམས་ལ་སླེབས་སོང་། རང་ཉིད་འཚར་ལོངས་ཀྱི་ལོ་ཟླའི་ནང་ཁྱེད་ཉིད་ལ་ནི་མཇལ་ཐེངས་གཅིག་གོ།། རང་སྡེའི་རྒན་རབས་པའི་ཁ་ནས་གོ་ཐོས་ལྟར་ན།ཁྱེད་ནི་ཆུང་དུས་སུ་རིག་པ་གསལ་ལ་བློ་རྣོ་བའི་བྱིས་པ་སྤྲོ་སྣང་ཅན་ཞིག་རེད་ཟེར། ཆུང་དུས་ནས་ཕ་ཡུལ་གྱི་བློ་དགེ་དགོན་དུ་དམ་པའི་ཆོས་ལ་སློབ་གཉེར་བྱེད་མཁན་གྱི་དགེ་འདུན་པའི་གྲལ་དུ་ཚུད། ཡུན་རིང་མ་འགོར་བར་ཞབས་ཕྱོགས་ལྷ་སར་གཏོད་ནས་དམ་པའི་ལྷ་ཆོས་ལ་སློབ་གཉེར་མཐུལ་ཕྱིན་པ་མཛད།

      དེ་ནི་ཕྲན་སློབ་ཆུང་གི་སྐབས་ཀྱི་ཕྱི་དྲོ་ཞིག་ལ། ང་དང་ནུ་བོ་གཉིས་རང་ཁྱིམ་ཀྱི་སྒོ་མོ་དང་ཁྱིམ་ནང་གི་ཟས་ཞིམ་པོ་དག་ལ་བློ་གཏད་ནས་གང་མགྱོགས་ངང་ཁྱིམ་གྱི་ཕྱོགས་སུ་སྙེག་དེ་སོང་། རང་ཁྱིམ་ལ་མ་ཐོན་པའི་ལམ་བར་ནས་གཟན་ཤམ་དམར་སྨིག་གྱོན་པའི་གྲྭ་བཙུན་དཀྱུས་མ་ཞིག་ཕེབས་ཡོང་བ་དང་མཉམ་དུ་སྡེ་བའི་མི་མང་པོས་བསུ་བ་བྱེད་ནས་ངེད་གཉིས་ཕྱོགས་སུ་ཐོན་བྱུང་།དེའི་སྐབས་སུ་ང་རང་གི་ཉི་མ་ཟེར་བའི་གྲྭ་པ་ཞིག་དབུས་ལྷ་ས་ནས་ཕྱིར་རང་ཡུལ་ལ་ཕེབས་འདུག་ཟེར་བ་དེ་དྲན་པ་ནས་སྔོན་མར་ཆེ་ཕ་མ་ནས་ཆུང་བྱིས་པའི་བར་ཁོང་ཕྱི་ཕེབས་པའི་རེ་བ་ཡོད་རབས་སོགས་དྲན་པས་ད་ཐེངས་ཁོང་ཕྱིར་ཕེབས་ཡོད་ཉམས་བྱུང་། ད་ཐེངས་ཁོང་ཕྱིར་ཕེབས་དོན་ནི་ཨ་མ་ལ་ནད་གཞི་ལྕི་མོ་ཞིག་ཕོག་ཡོད་ཟེར་ནས་ཕྱིར་ཕེབས་ཡོད་པ་ཡང་དྲན་ནས་མགོ་བོ་གུས་པ་འདུད་དེ་མཇལ་ཁ་བླངས།དེ་རྗེས་ཀྱི་ཉིན་ཁ་ཤས་ནང་ཁོང་གིས་སྡེ་བའི་མི་སྐྱ་ཕོ་མོ་ཚོར་ཆོས་ཁྲིད་སོ་མང་པོ་གནང་སོང་།རང་ཉིད་སློབ་གྲྭ་འགྲོ་དགོས་པས་ཆོས་ཁྲོད་ཀྱི་སར་འགྲོ་ཐུབ་མ་སོང་། ཉིན་ཁ་ཤས་རྗེས་ལྷ་སར་ཕེབས་སོང་རབས་སོ་གོ

      དེ་ནས་ང་ཚོའི་བོད་ལ་ཟེར་རྒྱུན་ཡོད་པ་ལྟར་སྐྱེ་བུ་དམ་པ་འཇིག་རྟེན་གནས་པའི་སྐབས།།  མཐོང་ཐོས་ཡུལ་དུ་གྱུར་ཡང་ཉམས་མི་འཇོག།  འཇིག་རྟེན་འདི་ནས་གཞན་ལ་ཕོས་པའི་སྐབས།།  མིག་གི་མཆུ་མ་ཐོར་བཞིན་དྲན་གདུང་འབོད།།  སྤྱིར་གཟའ་རིའི་ས་ཆ་འདི་ནི་ས་ཡི་དགེ་བཅུ་ཚང་ས་ཞིག་དང་སྐྱེས་ཆེན་མང་པོ་འཁྲུངས་རབས་ཡང་བཤད་རྒྱུ་ཡོད།གཟའ་རིའི་བཟོད་པ་དང་ནུ་རིའི་སྦྱིན་པ་གཉིས་ཀ། ཨ་ནི་ཐང་གི་ཉི་མ་སོགས་གཟའ་རོང་འབྲོག་གཉིས་དང་གཟའ་སྟོད་སྨད་བར་གསུམ་ན་སྐྱེས་ཆེན་མང་པོ་འཁྲུངས་རབས་ཡོད། དེར་བལྟས་སོང་ན་བདེན་པ་ཞིག་ཏུ་གྲུབ་སོང་བ་བློ་ངོར་འཆར།དགེ་བཤེས་དཀོན་མཆོག་ཉི་མ་མཆོག་ནི་བོད་མདོ་དབུས་ཁམས་གསུམ་ན་མིང་དུ་གྲགས་པའི་དགེ་ལུགས་པའི་དགོན་ཆེན་བཞིའི་ཡ་གྱལ་འབྲས་སྤུངས་བློ་གསལ་གླིང་དུ་འཆད་རྩོད་གཉིས་བྱང་གི་དགེ་བཤེས་ཅིག་ཡིན་པ་དང་།ཁོང་ལ་མདོ་དབུས་ཁམས་གསུམ་ན་མཁས་བཙུན་བཟང་གསུམ་གྱི་སློབ་མ་མང་པོ་ཡོད།ད་ལྟའི་ཆར་ཁོང་རིན་པོ་ཆེན་གར་སོར་ཆ་མེད་སུ་གྱུར་སོང་།གོ་ཐོས་ཡིན་ན་ཉིས་སྟོང་བརྒྱད་ལོར་བོད་ཀྱི་ཞི་རྒོལ་ཆེན་པོའི་སྐབས་ཁོང་ལ་ཆབ་སྲིད་ཀྱི་ནག་ཉེས་ཡོད་རབས་བཤད་ནས་བཙོན་འཇུག་བྱེད་ཡོད་ཟེར། དེ་ལས་ཀྱང་སྙིང་རྗེ་བའི་ཡུལ་ཞིག་ནི་ལོ་གྱ་གཉིས་ལ་སོང་ཡོད་པའི་ཁོང་གི་མ་རྒན་དེ་རེད། ཡུལ་མི་ངོ་ཤེས་དང་སྡེ་མི་ཁྱིམ་མཚེས་ལྷ་སར་ཆོས་མཇལ་སོང་ཕྱིན་པ་དག་ལ་ཁོང་གི་བུའི་གནས་ཚུལ་གཟབ་ནན་ངང་འདྲི་བ་དང་སོན་རྩེ་ཕྲེང་རྡོག་རེ་རེ་ལ་གཏད་ནས་མ་ཎི་བགྲང་ཞོར་རང་གི་བུ་བདེ་ཐང་ཡོད་པ་གོ་ནས་སེམས་གཏིང་ནས་དགའ་བཞིན་ངོ་ལ་འཛུམ་གྱི་པད་མོ་བཞད། ད་དུང་སེམས་ལྷོད་དེ་མགོ་ལྡེམ་ལྡེམ་ངང་ཕ་རོལ་བའི་ལག་པར་འཇུས་ནས་བཀའ་དྲིན་ཞུ། ང་རང་ལ་མཚོན་ན་ལོ་ཟླ་ནི་ཆུ་རྒྱུན་གྱི་རླབས་བཞིན་འཕྲོ་མཐུད་ཀྱི་འབབ་རྒྱུན་རིང་བོ་ལྟར་རྒྱུད་ཀྱང་རང་ལ་གསུང་གི་བདུད་བརྩི་འཐུང་བའི་བསྐལ་བ་ཞན་པས་མཇལ་ཐུབ་མ་སོང་།

    ད་ལོར་དྲྭ་ཐོག་ནས་ཁོང་གི་བཀའ་སློབ་ཁག་ཅིག་རག་སོང་བས་དད་པ་བླ་ལྷག་སྐྱེས།ཁོང་གིས་གསུང་དོན་ཆུང་དུས་རང་དང་རོགས་པ་ཁ་ཤས་ལྷ་སར་བྲོས་རབས་སོ་མང་པོ་བཤད་བྱུང་བ་དང་ད་དུང་མཛོད་དགེའི་ཨ་ཁུ་བསྟན་ཁོས་ཁོང་ལ་ནང་དོན་རིག་པ་ལ་ཡག་པོ་སྦྱང་དགོས་པ་དང་ཡན་ལག་གི་རིག་གནས་སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་མི་རུང་སོ་བཤད་པའི་དོན་དང་ང་ཚོས་ཕ་མ་ལ་སྲིད་ཞུ་བསྒྲུབ་པ་དེ་གཙོ་བོ་ཕ་མིའ་བློ་ཁ་ཆོས་ལ་སྒྱུར་བ་དེ་ཡིན་པ་དང་ཕ་མ་ལ་ཟས་ཞིམ་པོ་བྱིན་ཡ་དང་གོས་གསར་པ་གྱོན་ཡ་དེ་མ་རེད། ཕ་མའི་བློ་ཁ་ཆོས་ལ་སྒྱུར་ཇུབ་སོང་ན་ཚེ་འདི་ལ་ཕན་པ་མ་ཟད་ཚེ་ཕྱི་མ་ལ་ཡང་ཕན་པ་རེད་ཟེར།ད་དུང་ཁོང་སློབ་ཁྲིད་ཀྱི་སྐབས་སུ་སྐད་གདངས་དང་དགོད་སྒྲ་ལས་ཁོང་ནི་ཅི་འདྲའི་དགེ་རྒན་བྱམས་བརྩེ་ཅན་དང་སྤྲོ་སྣང་ལྡ་པ་ཞིག་ཡིན་པ་རྟོགས་ཐུབ།དེ་འདྲའི་ཚུལ་མང་པོ་མཐོང་བས་ཁོང་ལ་དུང་དད་སེམས་ཀྱི་གཏིང་ནས་སྐྱེས་སོང་།ཚོར་ཤུགས་འདིའི་དབང་གིས་ཁྱེད་རང་དང་མྱུར་དུ་མཇལ་བའི་བལྐལ་བ་ཐོབ་ན་བསམ་བྱུང་།

相关文章

  • 愿一遇为满愿

    མྱུར་དུ་ཁྱེད་ལ་མཇལ་བར་སྨོན། དཀོ...

  • 加油!!!陌生人

    愿你平安喜乐终遇良人 愿你不负韶华以梦为马 愿你被这个世界温柔以待 愿你善良 带着锋芒 愿你眼角带笑,月色不染眉梢...

  • 人间不值得,但你值得

    愿你平安喜乐 终遇良人 愿你不负韶华 以梦为马 愿你历尽山河 仍觉得人间值得 愿你历尽千帆 归来仍是少年

  • 再见了

    愿你平安喜乐终遇良人 愿你不负韶华以梦为马 愿你历尽山河仍觉得人间值得 愿你历尽千帆归来仍是少年

  • 2019-07-03

    愿来生,我为笔墨,遇水淡其涎,以身触纸为君舞。 愿来生,我为残篇,千古留青史,万朝沐雨为君辞。 愿来生,我为棋盘,...

  • 每天都请对自己说一声 我爱你 我接纳你 我看见你

    4.愿你平安喜乐,终遇良人。愿你不负韶华,以梦为马。愿你历尽山河,仍觉人间值得。愿你历尽千帆,归来仍是少年。 5....

  • 愿你

    愿你遇风遇雨遇良辰 愿你等风等雨等良缘 愿你驭风驭雨驭良人

  • 《浮生六记》愿您浮生有梦

    愿您浮生看朝阳 愿您浮生赏春雨 愿您浮生游世间 愿您浮生遇良人

  • 满愿

    仿佛过了一个世纪,来完成这10万个大叩之心愿。 仿佛用了一生,只为寻求此刻的圆满。仿佛在人世间所有的磨砺,只为了悟...

  • 满愿

    满愿 〔日本〕太宰治 这是距今四年前,我在伊豆三岛一位朋友家的二楼度过一个夏天时候的故事……有一天晚上,我想必已醉...

网友评论

      本文标题:愿一遇为满愿

      本文链接:https://www.haomeiwen.com/subject/carkkqtx.html