ཚན་པ། བཅུ་བཞི།
གསུམ་པ་གྲུབ་འབྲས་ཞེས་པ་དེ། གཞན་ལ་རིན་ཐང་བསྐྲུན་ཐུབ་པའི་གཞི་རྩའི་ཁ་ཕྱོགས་མ་ནོར་བ་དང་། རྒྱང་རིང་བའི་དམིགས་ཡུལ་གང་ཞིག་ལ་ཧམ་འདོད་མེད་པར་བྱ་བའི་བརྒྱུད་རིམ་རེ་རེར་དོན་སྙིང་བསྩལ་ཏེ། མིག་སྔར་གྱི་འཚོ་བའི་རིན་ཐང་དེ་ཅི་དགར་ཉམས་མྱོང་ཐུབ་པ་ཡིན་ན། དེ་ནས་སྐྱིད་ཀྱི་ཉི་མ་མཁའ་ནས་ཤར་ཏེ། རླབས་ཆེ་བའི་མི་ཚེའི་མཐར་ཐུག་གི་གྲུབ་འབྲས་དེ་ཡང་རང་བཞིན་གྱིས་བསུ་ཐུབ་པ་དེའོ།། ད་ནི་“གཞན་ངོ་མི་སྲུང་བའི་སྤོབས་པ་”ཞེས་པའི་དེབ་འདིའི་བརྗོད་དོན་རྩ་ཆེ་བ་དག་ཕྱོགས་བསྡུས་ཀྱི་རྣམ་པས་རོབ་ཙམ་ཞུས་ཚར་བའི་ཁུལ་ཡིན་པས། ཆེས་རིན་ཐང་ལྡན་པའི་བསམ་བློའི་སྙིང་བཅུད་དེ་དག་རེ་རེ་ནི་ཁྱོད་ཀྱི་འཚོ་བའི་ཁ་དོག་མ་འདྲ་བ་ཞིག་ཏུ་འགྱུར་ཐུབ་པའི་སྨོན་འདུན་བཅས་རེ་ཞིག་མཇུག་བསྡུས་པ་ཡིན་ནོ།།
网友评论