![](https://img.haomeiwen.com/i15566794/a59c3b90336ef6a7.jpg)
ཁོ་བོ་འཇམ་པའི་ཚིག་གིས་སྙན་ངག་ལ་འགྱེར་ཞིང་།
ལང་ཚོ་དཔལ་ཡོན་རྒྱས་པའི་སྡུག་གུ་ཁྱེད་ལ་བསྟོད།
ཁོ་བོས་རྒྱལ་མཚན་འཆང་ནས་བསུ་བ་ཞུས།
མཚན་མོ་དེ་ལ།
དགའ་བ་འཛུམ་མདངས་རྒྱས་པའི་ཟླ་བའི་གྲིབ་གཟུགས་འོག
ཁོ་བོས་འཕགས་མ་སྒྲོལ་མ་ཁྱེད་ལ་གསོལ་བ་འདེབས།
ང་རང་བསམ་དོན་འགྲུབ་པར་སྨོན།
སྔོན་བསགས་ལས་དབང་གིས།
ཁོ་བོ་འཇིག་རྟེན་འདི་རུ་འཁྲིད་ནས།
གོ་ལ་ཅི་འདྲ་ཆེ་ཡང་མི་སེམས།
འཇིག་རྟེན་འཁོར་བའི་གནས་ལུགས་གིས།
ལང་ཚོ་མཛེས་སྡུག་འབར་བའི་དུས།
ལས་དབང་ཞིག་གིས་ཁྱེད་དང་འཕྲད་པ་གནང་།
བརྩེ་བའི་དྲི་མེད།
དུང་བའི་སླད་མེད།
རེ་བ་ཁེངས་པའི་སེམས་ཆུང་རྒྱབ་ལ་ཁུར།
ཁྱེད་ཀྱི་ཁ་ཕྱོགས་འབད་པས་བརྩོན་ན་འདོད།
ཡིན་ཡང་།
ལས་དབང་ཟེར་རུང་། ལས་མེད་ཟེར་རུང་།
གོ་སྐབས་བཟང་པོ་ཞིག་ཐོབ་མ་མྱོང་།
རིག་པའི་གྲུ་གཟིངས།
༢༠༢༢-༡༢-༧
网友评论