སྤུན་གྱི་སྐྱེས་སྐར་ལ།
སྔོན་མ་གདོད་མའི་དུས་ནས་སྲོལ་ལུགས་ཡོད་མེད་ཧ་མ་གོ།
དེ་རྗེས་བཙན་པོའི་དུས་སུའང་ལུགས་འདི་ཡོད་མེད་མཐོང་མ་མྱོང་།།
ད་ལྟ་ཉེར་གཅིག་འདི་ནས་གཞན་རྗེས་འབྲེངས་པའང་ཡིན་ཤས་ཆས།།
མདོར་ན་ཉིད་དང་ཉིད་ཀྱི་སྐྱེས་སྐར་བསུ་བ་མང་མཐོང་བས།།
དེ་རིང་དྲྭ་ལམ་འདི་ན་སྤུན་གྱི་སྐྱེས་སྐར་བསུ་བ་མཐོང་།།
དེས་ཕྱིར་རིག་བཟང་བུ་དང་འཇོན་ནུས་ཅན་གྱི་བུ།།
ཡ་རབས་ཚུལ་འཇགས་ཡིན་པ་ཕྲན་གྱི་གཏིང་རུམ་ན།།
ཉལ་ལམ་བཞད་པས་སྙིང་གི་རེ་སྨོན་ཡོད་དོ་ཅོག།
ཕུན་ཚོགས་ལེགས་འགྲུབ་ཡོང་བའི་དཀྱུས་སུ་འབུལ།།
ཁམས་བྲག་འགོ་ནས་ ཕྲན་གྱིས།
网友评论