ཟླ་བ་ལགས
དོ་ནུབ་ཁོ་བོ་ཁེ་རྐྱང་ངང །
དྲན་གདུང་དང་འཁྲེང་སེམས་ཁྲོད་དུ །
ཟླ་འོད་དང་ལག་འཇུ་བྱེད་དུས།
གློ་བུར་དུ་སྤྲིན་ནག་གིས་འཇབ་རྒོད་ཐེབས།
འབྲོང་ལགས
དེ་རིང་ཁོ་བོ་ཁེར་རྐྱང་ངང །
དྲོད་འཇམ་གྱི་འོད་ཆགས་ལ་རེ་དུས །
བདག་མེད་ཀྱི་རླུང་བས་གདོང་ལ་སྐུལ།
དུས་རབས་ཀྱི་སྒྱུ་མའི་རྩེད་ར་ནས།
བདེན་མེད་ཀྱིས་སུན་སྣང་འདྲེན་དུས།
ཅི་ཡང་མེད་པའི་སེམས་ཀྱི་བུ་ཁེར་རྐྱང་ཡིན།
网友评论