གསལ་བརྡ།
ད་ཐེངས་གཟའ་ཉི་མའི་དགོང་མོར། ངེད་ཁ་བའི་བུ་མོའི་ལས་དབང་གླེང་སྟེགས་ཀྱི་ཡན་ལག་མཐུན་ཚོགས་ཚང་གི་གདན་ཞུས་སྐུ་མགྲོན་ནི་ད་ཆ་བོད་ཡུལ་ན་ཆེས་སྙན་པར་གྲགས་པའི་དེང་རབས་སློབ་གསོ་བ་ཆེན་པོ་རྨེ་གྲྭ་ཚེ་རིང་བསམ་འགྲུབ་ལགས་ཡིན་ལ། ད་ཐེངས་ཁོང་གིས་རྩོམ་རིག་རྒྱུན་ཤེས་སྐོར་གྱི་བཀའ་སློབ་གནང་རྒྱུ་ཡིན་ཞིང་། མདོ་འཛིན་པ་ཚོགས་གཙོ་བཟང་བུ་མོ་ལགས་ཡིན་པས་རྣམ་པ་ཚང་མ་དགོང་དྲོས་དུས་ཚོད་བརྒྱད་པའི་སྟེང་དུ་མཉམ་ཞུགས་ཐུབ་པར་དགའ་བསུ་ཞུ།
ཁོང་གི་བརྩམས་ཆོས་དང་ཕྱག་ལས་ངོ་སྤྲོད་གཤམ་གསལ།
༡ སུམ་རྟགས་དག་གསུམ་འབྲེལ་བ།
༢ དུས་རབས་ཀྱི་རྟགས་བུ།
༣ གདན་རབས་ལོ་རྒྱུས།
༤ རྒྱུན་ཤེས་གླིང་ག
༥ འཚོ་བའི་ལག་རྟེན་སོགས་བརྩམས་ཆོས་གྲགས་ཆེན་མང་པོ་ཡོད། ད་ལྟ་ཁོང་གིས་གཙོ་འགན་བཞེས་བཞིན་པའི་ལས་རིགས་ནི།
༡ ཧི་མ་ལའི་རིག་མཛོད་ཁང་ཆེན་མོ།
༢ ཧི་མ་ལའི་དགེ་ལས་ཐེབས་རྩ་ཚོགས་པ།
༣ ཧི་མ་ལའི་རིག་མཛོད་དྲ་ཚིགས། རྒྱུན་ཤེས་འཕྲིན་ལམ། འཕྲུལ་དེབ་འཕྲིན་ལམ།
༤ ཧི་མ་ལའི་རིག་མཛོད་འཕྲིན་ལམ།
༥ རིས་མེད་ཡར་སྐུལ་སློབ་གསོ་སོགས་ཀྱི་ཕྱག་ལས་གནང་བཞིན་མཆིས།
网友评论