ཞིང་པས་ཁྱི་ཕྲུག་འཁྲིད་ན་སྤྲང་པོ་ཟེར་།།
ལས་བྱེད་ཁྱི་ཕྲུག་འཁྲིད་ན་ཕྱུག་པོ་ཟེར།
ཞིང་པ་འཆམ་འཆམ་ཕྱིན་ན་ལས་མེད་ཟེར།
ལས་བྱེད་འཆམ་འཆམ་ཕྱིན་ན་ལུས་སྦྱོང་ཟེར།
ཞིང་པ་གྱོན་ཆས་རྡོལ་ན་དབུལ་པོ་ཟེར།
ལས་བྱེད་གྱོན་ཆས་རྟོལ་ན་དཔེ་གསར་ཟེར།
ཞིང་པས་རས་གུར་ཕུབ་ན་སྤྲང་པོ་ཟེར།
ལས་བྱེད་རས་གུར་ཕུབ་ན་གླིང་གཏོང་ཟེར།
ཞིང་པས་སྣམ་བུ་གྱོན་ན་གྲོང་གསེབ་ཟེར།
ལས་བྱེད་སྣམ་བུ་གྱོན་ན་གཟབ་སྤྲོད་ཟེར།།
ཞིང་པ་མེད་ན་ལས་བྱེད་ཡོང་ཁུངས་མེད།
ཞིང་པ་མེད་ན་གྲོང་ཁྱེར་ཡོང་མདོག་མེད།
ཞིང་པ་མེད་ན་རྒྱལ་ཁབ་ཡོང་མདོག་མེད།
ཐམས་ཅད་ཞིང་པ་དག་ལས་བྱུང་སོང་བས།
ཞིང་པ་བཀའ་དྲིན་ཆེ་བར་སོམ་ཞིག་ཨ།
网友评论