美文网首页
༼ཧ་ཡར།གངས་བརྩེ་དབྱངས་ཅན་དྲི་ཟའི་

༼ཧ་ཡར།གངས་བརྩེ་དབྱངས་ཅན་དྲི་ཟའི་

作者: GangZan | 来源:发表于2018-11-09 10:15 被阅读0次
    ༼ཁ་བའི་བོད་པ།༽                        ——གངས་བརྩེ་ནས།    ཁ་བ་དཀར་པོ། ང་ཚོ་བོད་པ་ཡི་གཟི་བརྗིད་ཡིན། ཁ་བའི་མེ་ཏོག ང་ཚོ་བོད་པ་ཡི་སྤོབས་པ་ཡིན། ཁ་བའི་རང་གཤིས། ང་ཚོ་བོད་པ་ཡི་ཀུན་སྤྱོད་ཡིན། ཁ་བའི་ལོ་རྒྱུས། ང་ཚོ་བོད་པ་ཡི་ལ་རྒྱ་ཡིན། ཀི་ཀི་བསོབསོ་་་་་་་་་ བོད་ཀྱི་ཕོ་ལ་བསོ།བོད་ཀྱི་དགྲ་ལ་བསོ། ཁ་བ་གངས་ཅན་བདེ་ལེགས་བསོ། ཁ་བ་གངས་ཅན་བཀྲ་ཤིས་བསོ། ཁ་བའི་ཞིང་ཁམས། ང་ཚོ་བོད་པ་ཡི་བླ་རུ་ཡིན། ཁ་བའི་བརྗིད་ཉམས། ང་ཚོ་བོད་པ་ཡི་མགོ་འཕངས་ཡིན། ཁ་བའི་ལོ་རབས། ང་ཚོ་བོད་པ་ཡི་སྙིང་སྟོབས་ཡིན། ཁ་བའི་རང་མདངས། ང་ཚོ་བོད་པ་ཡི་གོམ་སྒྲ་ཡིན། ཀི་ཀི་བསོབསོ་་་་་་་་་ བོད་ཀྱི་ཕོ་ལ་བསོ།བོད་ཀྱི་དགྲ་ལ་བསོ། ཁ་བ་གངས་ཅན་བདེ་ལེགས་བསོ། ཁ་བ་གངས་ཅན་བཀྲ་ཤིས་བསོ། ༼སློབ་དཔོན།༽          ་་་་་་་་་་་་་་་་་ཧ་ཡར་གངས་བརྩེ་ནས། ང་ཚོ་ཡི་མེས་པོར་གཟི་བྱིན། ལོ་རྒྱུས་ཀྱི་སྟོབས་ཤུགས་ངོམ་མཁན། གཞན་ཕན་གྱི་རིགས་བརྩེ་དམ་པ། ཨ་ལ་ལ།་་་་་་་་་་་་་་་་་་་་་་་ ཤེས་རབ་ཀྱི་སྒྲོན་མེ། འདུན་ལམ་གྱི་སྒྲོན་མེ། དྲིན་ཅན་གྱི་སློབ་དཔོན་དམ་པར་ཡིན། ཕ་ཤུལ་གྱི་རིགས་གཞུང་བང་མཛོད། སྐད་ཡིག་གི་རིགས་ཞེན་ཕོ་ཉ། མི་ཚེ་ཡི་རིན་ཆེན་དམ་པ། ཨ་ལ་ལ།་་་་་་་་་་་་་་་་་་་་་་་་་་ རྨོངས་སེལ་གྱི་སྒྲོན་མེ། བློ་སྒོ་ཡི་སྒྲོན་མེ། དྲིན་ཅན་གྱི་སློབ་དཔོན་དམ་པར་ཡིན། བཅུ་ཕྲག་གི་རྒན་རབས་ཁྲིད་དཔོན། ལམ་སྟོན་གྱི་རྩ་བའི་བླ་མ། བསྟོད་ཚིག་གི་སྒྲ་དབྱངས་དམ་པ། ཨ་ལ་ལ།་་་་་་་་་་་་་་་་་ རིན་ཆེན་གྱི་སྒྲོན་མེ། ལམ་སྟོན་གྱི་སྒྲོན་མེ། དྲིན་ཅན་གྱི་སློབ་དཔོན་དམ་པར་ཡིན། ༼སྒ་ཡི་ཕ་་ཁྱིམ།༽ 嘎域家园——————ཧ་ཡར།གངས་བརྩེ།                  སྐྱིད་པའི་བོད་ཁམས་གནས་མཆོག གསེར་དངུལ་རིན་ཆེན་གང་ཡོད། བཅུ་འཛོམས་གཡང་གི་ལྷ་ཡུལ་དེ། ཡིད་འོང་ཕ་ཡུལ་གངས་ལྗོངས་ཡིན། བསོ་ལོ་ལོ། བསོ་འདོད་ལྷ་ལ་བསྐུར། སྨོན་ལམ་གཞི་བདག་བསོ། བསང་མཆོད་ལྷ་ཀླུ་འབུལ། བོད་ཀྱི་ཕ་ཡུལ ང་རང་གི་ཕ་ཡུལ མཛེས་པའི་བོད་ཁམས་གནས་མཆོག འདོད་དགུ་ལོངས་སྤྱོད་རིན་ཆེན་ཡོད། དགོས་འདོད་གཡང་གི་བང་མཛོད་དེ། མཛེས་པའི་ཕ་ཡུལ་གངས་ལྗོངས་ཡིན། བསོ་ལོ་ལོ ཁ་རྗེ་རླུང་རྟ་ཆོད། ཁ་གཡང་དུང་བརྡ་བོས། ཅི་བསམ་རྟེན་འབྲེལ་འབུལ། བོད་ཀྱི་ཕ་ཡུལ ང་རང་གི་ཕ་ཡུལ། ཆོས་ལྡན་བོད་ཁམས་གནས་མཆོག དགེ་བཅུ་གོམས་གཤིས་ཕུན་སུམ་གང་། ཡ་རབས་གཡང་གི་ཕ་ཁྱིམ་དེ། མཛེས་པའི་ཕ་ཡུལ་གངས་ལྗོངས་ཡིན། བསོ་ལོ་ལོ། རྟེན་འབྲེལ་ཁ་གཡང་འབུལ། བསམ་འདོད་སྨོན་ལམ་འདེབས། བཀྲ་ཤིས་བསོ་འདོད་ཞུ། བོད་ཀྱི་ཕ་ཡུལ། ང་རང་གི་ཕ་ཡུལ། ༼ཁ་བའི་བུ་རྒྱུད༽                  ཁ་བ་ལགས། ཁྱོད་ལ་མི་རིགས་ཀྱི་སྲོག་ཤིང་ལྡན། ཁྱོད་ལ་མེས་པོ་ཡི་སྲོལ་རྒྱུན་ཆགས། ཁྱོད་ལ་བོད་པ་ཡི་གོམས་གཤིས་གནས། ཁྱོད་ལ་མི་རབས་ཀྱི་དགའ་ཞེན་འཁྱིལ། ཡོད་ཚད། ཁ་བ་ལགས། ཁྱོད་ཀྱི་རང་བཞིན་གྱི་མཛེས་ལྡན་དང་། ཁྱོད་ཀྱི་རང་གཤིས་ཀྱི་རེག་བྱ་དག ཁྱོད་ཀྱི་ཐུན་མོང་གི་བསིལ་འཇམ་དང་། ཁྱོད་ཀྱི་གཞན་ཕན་གྱི་བསམ་བཟང་ལས། གཞལ་མེད་བརྩེ་བ་ཡི་རིན་ཐང་མངོན། འཇིག་རྟེན་སྐྱེ་དངོས་ཡོངས་ཁྱེད་ལ་དུངས། ཞེ་མེད་བསམ་བློ་ཡི་སྙིང་རུ་བཀུག བོད་པའི་ཞིང་ཁམས་སུ་ཁྱོད་ལ་རེངས། ཕ་ཁྱིམ་སྨུག་པོ་ཡི་ཡུལ་ལྗོངས་ལས། ཁྱེད་ལ་རེ་སྒུག་དང་འཚོ་གནས་ཆགས། འདི་ན།ཁ་སང་ནང་བཞིན། ཁྱོད་ཀྱི་མཛེས་སྡུག་དེ་ཉམས་མེད་ལ། ཁྱོད་ཀྱི་རྣམ་པ་དེ་སྔར་ལས་ཡག། ཕ་སྐད་རང་མདངས་ཀྱི་རྣམ་གཤིས་སུ། ཁྱོད་ཀྱི་གཟུགས་རིས་དེ་དབུ་རུ་ཁྱུད། བུ་རབས་ཚ་རྒྱུད་ཀྱི་ཟུངས་ཁྲག་ལས། ཁ་བའི་མཛེས་བཟོ་རྣམས་མངོན་ཞིང་དུངས། དེ་བས།ཁ་བ་ལགས། དུས་རབས་ངན་པ་ཡི་ལུས་སྲོལ་ཆགས་མི་ནུས་ཏེ། ཚན་རྩལ་རྟོག་བཟོ་ཡི་བཙལ་བོ་ཆགས་ག་ལ་ནུས། ཁ་བའི་དཀར་པོ་རང་ཚུགས་དེ་ཉམས་མི་སྲིད་དེ། ལྷག་བསམ་རྣམ་དག་ཡི་བསམ་བློ་འགྱུར་མི་དོར་བ། དེ་བས། ཁ་བ་ལགས། མཐོ་སྒང་གི་གངས་སེང་ཁྱོད་ཀྱི་སྤོབས་པ་ངོམས། ཁ་བའི་མེ་ཏོག་གི་དྲི་ཞིམ་ཁྱོད་ལས་སྐྱེ་སྟོབས་ལྡན། གངས་རི་དཀར་པོ་ཡིས་ཁྱོད་ཀྱི་གོམས་གཤིས་ཆགས། གངས་ཅན་བོད་པ་ཡིས་ཁྱོད་ལ་རེ་སྨོན་སེམས་ཤུགས་གང་། གང་ལྟར། ཡུལ་ལྗོངས་འདི་ལས་ཉམས་མི་སྲིད། ཨ་མ་རུམ་ཁུག་ནས་ཁྱོད་ལ་དྲོ་བ་ཚོར། ནམ་ཡང་།རྟག་ཏུ། ཚོར་སྣང་རོལ།                              ༼ཧ་ཡར།གངས་བརྩེ་ནས།༽ ༼祈祷སྨོན་འདེབས།༽          རི་མཐོ་པོ་མགོ་ལ་དར་ལྕོག་སྒྲོན། དར་དཀར་པོ་བོད་པའི་ཕོ་ལ་དར། ཡིད་འདོད་པ་ལྷ་ཀླུ་གཞི་བདག་བཀུར། སྐྱེ་མི་ཚེ་བར་ཆད་སྡུག་བསྔལ་སེལ། གངས་ལྗོངས་ལགས། དེ་རིང་གི་དགྲ་ལྷ་བསོ། སང་ཉིན་གི་ཕོ་ལ་དར། རི་མཐོ་པོ་མགོ་ནས་རླུང་རྟ་འབུལ། ལས་དབང་ཐང་བོད་པའི་བསོད་ནམས་འཁོར། བསོ་རྟེན་འབྲེལ་སྨོན་ལམ་ཁ་གཡང་འབོད། ལས་ཅི་བསམ་དགོས་འདོད་ཆོས་བཞིན་འགྲུབ། གངས་ལྗོངས་ལགས། དེ་རིང་གི་ཁ་གཡང་བོས། སང་ཉིན་གི་རྟེན་འབྲེལ་འགྲིག                        2018་2་11                            ༼ཧ་ཡར།གངས་བརྩེ༽ ༼རྟེན་འབྲེལ།༽      祝福      དེ་རིང་ནམ་ཟླ་ཚེས་བཟང་ལ། ཅི་བསམ་ལྷུན་གྲུབ་ཉིན་མོ་རེད། ཁ་ལ་བཟང་གི་རྟེན་འབྲེལ་འགྲིག སེམས་ལ་མཐུན་པའི་ཁ་གཡང་བོས། དུས་ཚོད་བཟང་།སྐར་མ་ཡག སྐྱིད་པའི་ཚེས།སྤྲོ་བའི་ཉིན། རང་ཉིད་འདོད་དགུ་ཆར་པ་འབབ། བསམ་པའི་དངོས་གྲུབ་འབྲས་བུ་སྨོན། ཕ་མ་རྒན་རབས་ནད་མེད་ཤོག བུ་རབས་ཚ་རྒྱུད་དབྱར་མཚོ་རྒྱས། དེ་རིང་འཛོམས།སང་ཉིན་གང། ས་ནས་རྒྱས།ཁྱིམ་གཞིས་དར། དགེ་སྡུག་ལས་འབྲས་སྨོན་ལམ་གསོས། བསོ་འདོད་ཡུལ་གྱི་རྟེན་འབྲེལ་འགྲིག ཚེ་གཅིག་ལུས་གཅིག་ཁྱིམ་གཞིས་བཀོད། བཀྲ་ཤིས་བདེ་ལེགས་སྨོན་ལམ་འབུལ། ཕུན་སུམ་ཚོགས།བདེ་ལེགས་འབྱུང། རྟེན་འབྲེལ་མཆོད།སྨོན་ལམ་འགྲུབ།                                            ༢༠༡༧.༣.༡༢ ༼བརྩེ་བའི་རེ་འབོད༽ 感呼            ཁྱོད་མེད་པའི་ཉིན་མོ། ནམ་ཟླ་ཡང་ཇེ་འཁྱམས་འགྱུར། གོང་མེད་པའི་ཉིན་དཀར། ཉི་འོད་ཀྱི་དྲོ་མདངས་ཉམས། སྐུ་མེད་པའི་དབྱར་ཟླ། མཛེས་ལྗོངས་ཀྱི་རང་མདངས་མེད། ཉིད་མེད་པའི་དགུན་ཁ། གྲང་རླུང་ཡང་རྣོ་བས་ངར། རང་མེད་པའི་འཚོ་བ་དེ། བརྗོད་གཏམ་ཡང་བྲོ་བ་མེད། བསོ་་་་ཡ་རེ་ལ་འོ། གངས་དཀར་ལྷུན་པོ་རང་མདངས་མེད། རྫ་རི་ཆུ་ཕྲན་དྭངས་གཙང་མེད། ཁྱོད་ཀྱི་རེ་བ་དང་རེ་འབོད། ངེད་ཅག་གི་སེམས་ནས་བཞུར། བསོ་བ་དངའབོད་སྐུལ་གཏོང་། ཁྱོད་མེད་པའི་ཁོར་ཡུག འཚོ་བ་ཡི་རྩི་བཅུད་དབེན། གོང་མེད་པའི་འཇིག་རྟེན། མི་དགེ་དང་དུག་ལྔ་འཁྱིལ། སྐུ་མེད་པའི་ཡུལ་ཁམས། སྐད་ཡིག་གི་སྟོབས་ཤུགས་ཉམས། ཉིད་མེད་པའི་ཕ་ཁྱིམ། བདེ་སྐྱིད་ཀྱི་འཚོ་བ་ཞན། རང་མེད་པའི་ངེད་ཅག ནམ་ཡང་གཞན་རྗེས་སྙེད། བསོ་་་་་་་་་ཡ་རེ་ལ་འོ། གངས་དཀར་ལྷུན་པོ་རང་མདངས་མེད། རྫ་རི་ཆུ་ཕྲན་དྭངས་གཙང་མེད། ཁྱོད་ཀྱི་རེ་བ་དང་རེ་འབོད། ངེད་ཅག་གི་སེམས་ནས་བཞུར། བསོ་བ་དངའབོད་སྐུལ་གཏོང་།                                  ༢༠༡༧.༢.༢༧ བཀྲ་ཤིས་པའི་ཚེས་བཟང་།                    吉祥日               བཀྲ་ཤིས།བཀྲ་ཤིས་ཤོག བཀྲ་ཤིས་བདེ་ལེགས་ཕུན་བསམ་ཚོགས་པ་ཤོག ཚེས་བཟང་སྐར་བཟང་དེ་རིང་འགྲིག རྟེན་འབྲེལ་ཁ་གཡང་དེ་རིང་བོས། སྐྱེ་འགྲོ་སེམས་ཅན་སྡུག་བསྔལ་སེལ། ཅི་བསམ་ལྷུན་འགྲུབ་རྟེན་འབྲེལ་ཞུ། བཀྲ་ཤིས། བཀྲ་ཤིས་ཤོག བཀྲ་ཤིས་བདེ་ལེགས་ཕུན་བསམ་ཚོགས་པ་ཤོག བཟའ་མི་ལྷན་འཛོམས་དེ་རིང་སྐྱིད། སྤྲོ་བའི་ཚེས་བཟང་དེ་རིང་ཡག དྲིན་ཅན་ཕ་མའི་སྐུ་ཚེ་བརྟན། ཕུ་ནུ་མིང་སྲིང་ཇེ་དགའ་ཤོག བཀྲ་ཤིས བཀྲ་ཤིསཤོག བཀྲ་ཤིས་བདེ་ལེགས་ཕུན་བསམ་ཚོགས་པ་ཤོག མཐུན་པའི་སེམས་ཤུགས་དེ་རིང་འཛོམས། སྐྱིད་པོ་ཉིན་མོའི་དེ་རིང་རེད། ཡ་རབས་དོན་གང་འགྲུབ་པར་སྨོན། གར་ས་གང་བསྡད་བསམ་འདོད་འགྲུབ། བཀྲ་ཤིས། བཀྲ་ཤིས་ཤོག བཀྲ་ཤོག་བདེ་ལེགས་ཕུན་བསམ་ཚོགས་པ་ཤོག                                  བ་ཡན་གངས་བརྩེ། ༼ལོ་སར༽          新年      _________ཧ་ཡར།གངས་བརྩེ། ལྷོ་འཛམ་གླིང་ཀུན་ལ་ལོ་སར་བཟང་། སྟོད་ཁ་བ་བོད་ཡུལ་ལོ་སར་བཟང་། ད་རྟེན་འབྲེལ་ཅན་གྱི་ཉི་མ་ལ། དེ་རྟེན་འབྲེལ་ཚང་པའི་ཁ་གཡང་བོས། གྲངས་མི་རིགས་ཡོངས་ལ་ལོ་སར་བཟང་། མདོ་ཁམས་གསུམ་ཡུལ་ལ་ལོ་སར་བཟང་། ད་བཀྲ་ཤིས་འཛོམས་པའི་ཚེས་བཟང་ལ། དེ་བཀྲ་ཤིས་ཚང་པའི་སྨོན་ལམ་འདེབས། སྐྱེ་འགྲོ་བ་ཐམས་ཅད་ལོ་སར་བཟང་། མཐོ་གངས་ཅན་ཡུལ་ལ་ལོ་སར་བཟང་། ད་བསམ་དོན་འགྲུབ་པའི་དུས་བཟང་ལ། དེ་བསམ་དོན་ཐོབ་པའི་བསོ་བ་འདོད། ༼  ཁམས་པའི་བུ་མོ།༽ཁམས་པའི་བུ་མོ་སེམས་ཀྱི་ ལས་ཀྱི་འབྲས་བུ། འུ་གཉིས་ཚེ་གཅིག་གི་ཁྱིམ་གཞིས་བསྐྲུན། ཁམས་པའི་བུ་མོ། གངས་དཀར་ལྷུན་པོ། འུ་གཉིས་ཕན་ཚུན་གྱི་གཤིས་ཀ་ཡིན། ཁམས་པའི་བུ་མོ། རི་རབ་ལྷུན་པོ། ངེད་གཉིས་འགྱུར་མེད་ཀྱི་བརྩེ་དུང་ཡིན། ཁམས་པའི་བུ་མོ། གཏིང་དཔག་གི་ཆུ་ཆེན། འུ་གཉིས་བར་གྱི་བརྩེ་བ་ཡིན། ཁམས་པའི་བུ་མོ། དྲི་མེད་ཀྱི་ཁ་བཏགས། ངེད་གཉིས་ཀྱི་བརྩེ་སེམས་ཡིན། ཁམས་པའི་བུ་མོ། རྡོ་བརྐོ་རི་མོ། འུ་གཉིས་ཚེ་གཅིག་གི་དམ་བཅའ་ཡིན། ཁམས་པའི་བུ་མོ། ཁ་སང་གི་སྙིང་གཏམ། ངེད་གཉིས་དྲན་གདུང་གི་སེམས་སུ་ཚུགས།

    相关文章

      网友评论

          本文标题:༼ཧ་ཡར།གངས་བརྩེ་དབྱངས་ཅན་དྲི་ཟའི་

          本文链接:https://www.haomeiwen.com/subject/sjunxqtx.html