《ཁྱོད་ཞེས་པའི་ཡིག་ཉོག་ཞིག་སྤེལ་ན་འདོད་གི།》
ཁྱོད་ནི་སྲིད་པའི་ས་སྒང་རིལ་མོ་འདིས་ཡོངས་སྟེང་ན།
རང་ལུས་ཀྱི་ཁྲག་ཐིག་དྲོན་མོ་མི་ཡུལ་འདིར་ཐིམ་པ་ནས་
བཟུང་། ད་བར།
དབེན་དགོན་གྱི་རི་ཁྲོད་འགྲིམ་ནས་ཀ་ཁའི་དབྱངས་རྟ་གྱེར་
ཞིང་ཤེས་རིག་གི་ཟེ་འབྲུ་སྨིན།
ཁེར་རྐྱང་གི་འཚོ་བ་རོལ་ཡོད་མོད། འོང་ཀྱང་།
ཁྱོད་ཀྱི་སེམས་ལ་ཉར་རྒྱུ་གཙོ་བོ་དེ་ནམ་ཡང་
རྟག་བརྟན་དུ་གནས་པའི་ཨ་མའི་བྱམས་སེམས་འདི་ཉིད།
ཁྱོད་ཀྱི་བོར་མི་རུང་།
འཇིག་རྟེན་འདི་ལ་དགའ་བ་དང་སྐྱོ་བ་ཞེས་ཐ་སྙད་འདི།
ཨ་མའི་ལག་ཟུང་དྲོན་མོ་དང་རང་ལུས་ཀྱི་རིན་ཆེན་ནོར་བུ་
ཞིག་དང། ད་དུང། ཁྱོད་ལ་དབང་བའི་འཇིག་རྟེན་གྱི་
དག་ཞིང་འདི་བསྐྲུན་ཡོད་པ་ཁྱོད་ཀྱི་ཤེས་དགོས་ཉིད་རེད།
དེའི་ག་ལ་ཚད་དེ། བར་སྣང་ཁམས་ནས་དབྱར་གྱི་དྲག་
ཆར་ས་ལ་བབས་སྐབས། ཨ་མའི་ཆར་རླུང་གི་སེམས་པ་
འདི་ཁྱོད་ཀྱི་ཚོར་རམ། ཨ་མའི་གདོང་གི་གཉེར་རིས་
དང་སྐྲ་ལོ་དཀར་པོ་འདི་མཐོང་དུས། ཁྱོད་ཀྱི་སེམས་ལ་
བརྗོད་མི་ཤེས་པའི་ཚོར་བ་ནག་པོ་ཞིག་ཡོད་སྲིད།
དེ་ཕྱིར་ན། ཁྱོད་ལ་མིག་ཆུ་ཡི་ཐིག་པས་རྡུང་རུང་།
ཁྱོད་ཀྱི་ཨ་མའི་དྭངས་སེམས་ཀྱི་སྒྲོན་མེ་འདི་ནམ་ཡང་མ་
བརྗེད་པར་གྱུར་གཅིག། བདུད་རླུང་ནས།
网友评论