༼ མི་ཤེས་རྨོངས་པས་མནར་བའི་སྡུག་སྐད། ༽
ལྟ་བའི་ཐར་ཐུག་དབུ་མ་ཐལ་འགྱུར་པས། །
ཐ་སྙད་ཙམ་དུ་བྱ་བྱེད་ཐམས་ཅད་འཐད། །
སྟོང་དང་རྟེན་འབྱུང་ངོ་བོ་གཞན་སྟོང་ཞེས། །
ངོ་མཚར་རྨད་བྱུང་གཏམ་གྱི་སྦྱོར་བ་འདིར། །
ངེས་ཤེས་གཏིང་ནས་རྙེད་པའི་ཙོང་ཁ་པ། །
སྙིགས་དུས་མགོན་སྐྱབས་རྗེ་བཙུན་བླ་མ་ལ། །
སྐྱབས་སུ་སོང་ནས་གསོལ་བ་འདེབས་ལགས་ན། །
སྙིགས་དུས་མུན་ལོང་གནས་པའི་བྱིས་པ་བདག།
གཏི་མུག་མུན་པས་རིག་ལམ་ཡོངས་སྒྲིབ་སྟེ། །
ལྟ་བའི་མཆོག་འགྱུར་མིང་རྐྱང་ཕར་བཏགས་འདིར། །
ངེས་ཤེས་རྙེད་ཕྱིར་གསུངས་པའི་གཉིས་སྟོང་ཞེས། །
ཕུང་ཁམས་ཆོས་རྣམས་ཤེས་པའི་བདག་ཉིད་ཙམ། །
སློབ་དཔོན་ཐོགས་མེད་ཞབས་ཀྱིས་གཞུང་ལུགས་ལ། །
ངེས་ཤེས་མི་རྙེད་འཇིག་རྟེན་གྲགས་རྩོད་ཙམ། །
མཐོང་ནས་དེ་ལ་སློབ་གཉེར་བྱེད་ཁུལ་ལས། །
ཉམས་ལེན་གཏིང་ནས་མེད་པའི་ཐ་མལ་བདག། །
ཕྱི་རོལ་དོན་སྟོང་ཟབ་མོའི་གཞུང་མཆོག་འདིར། །
དོན་མཆོག་མཐོང་ནས་ཐར་པའི་ལམ་མཆོག་ལ། །
མྱུར་བར་མཇུག་པའི་དངོས་གྲུབ་ཆར་ཆེན་འདི། །
བདག་ལ་སྙིང་བརྩེས་མྱུར་བར་བརྩལ་དུ་གསོལ། །
སརྦ་མངྒ་ལཾ།།
( ཞེས་སྨྱུག་མིང་བ་གྲྭ་རྐྱང་ཕལ་པ་ནས་གང་བསམ་བྲིས་པའོ།།། )
网友评论