美文网首页
རྒོད་སྐྱེས།

རྒོད་སྐྱེས།

作者: TBANU | 来源:发表于2017-01-06 13:12 被阅读0次
    རྒོད་སྐྱེས།
    གཉན། སྙན་ངག་པ། བརྩམས་ཆོས་ལ《སེམས་པ་དམར་པོ》དང《རོ་ལངས》《ལག་རྩལ》《རྒོད་སྐྱེས》བཅས་ཡོད།

    ང་རང་སྙན་ངག་ཀློག་རྒྱུར་ཤིན་ཏུ་དགའ་མཁན་དེ་འདྲ་མིན་པས་སྙན་ངག་གི་དེབ་ཆེད་དུ་ཉོས་པ་ཉུང་། དམའ་འབྲིང་སྐབས་གཉན་ལགས་ཀྱི་སྙན་དེབ་ཐོག་མ《སེམས་པ་དམར་པོ》ཞེས་པ་གྲོགས་ཐེའུ་རང་གི་གམ་ནས་བཀླགས་པ་ཡིན། དྲང་མོ་བཤད་ན་ཅི་ཞིག་བཤད་པ་བག་ཆགས་ཤིག་མི་འདུག

    མཐོ་འབྲིང་སྐབས་ཁོའི་སྙན་དེབ་གཉིས་པ《རོ་ལངས》ཉོས་ནས་བཀླགས་པ་ཡིན། དེ་ལས་ལྷུག་རྩོམ་ཡག་ཤོས་འགའ་ཡོད། རྗེས་སུ་དེ་དག་ལ་ལད་འབྲི་བྱས་ནས་ཞི་མོ་དགའ་ས་དག་ལ་འཕྲིན་བྲིས་པ་དང་རྩོམ་འབྲི་ཁུལ་བྱས་པ་ཡིན། སློབ་ཆེན་སྐབས་སུ་ཁོའི་སྙན་དེབ་གསུམ་པ《ལག་རྩལ》ཉོས་ནས་བཀླགས་པ་ཡིན། ངའི་སེམས་སུ་ཁོ་ནི་གངས་རི་བྱིན་ཀོར་གྱི་མུན་ནག་དང་སྡུག་བསྔལ་དཀྲོལ་མཁན་གྱི་རོལ་མོ་པ་དེ་ཡིན་པར་འདོད།

    དོ་ནུབ། རོལ་མོ་པ་ལྟ་བུའི་སྙན་ངག་པ་གང་དེས་སྙན་དེབ་བཞི་བ《རྒོད་སྐྱེས》ཀློག་བཞིན་ཡོད། ཁོ་ནི་ཤ་ཁ་དམར་སྨུག་ཅན་གྱི་མེས་པོ་དང་བཙན་པོ་དེ་དག་དང་འདྲ་བར་གནམ་སའི་མཚམས་ན་རྡོ་རིང་བཞིན་འགྱིང་ཡོད་པ་ཞིག་རེད།

    ཤི་གསོན་ཆགས་འཇིག་གང་གི་རླུང་དམར་ཡོམ་ཡོམ་ལྡང་ཡོང་ནའང་རང་དབང་དང་ཁེར་ཚུགས། རྨི་ལམ་གྱི་ཡིག་འབྲུ་རེ་རེ་ནི་རྡོ་རིང་ངོས་སུ་གསེར་འོད་ལམ་ལམ་དུ་འཕྲོ། བདག་སེམས་ཀྱི་རོལ་མོ་པ་དེ་ལ་གཞན་གྱིས་བཙོན་མ་ཞེས་བྱ་ར་བྱེད་ཀྱང་། ཁོས་ལྕགས་མཁར་དགུ་སྐོར་ཞིག་གཏོར་ཏེ་ལྷ་རྟ་རྐྱང་དམར་ལ་ཡི་གེ་དང་སྨྱུ་གུ་ཤ་ཐག་བྱས་ནས་ཕེབས་ཡོང་བའི་མི་ཕོ་དེའོ།།

    相关文章

      网友评论

          本文标题:རྒོད་སྐྱེས།

          本文链接:https://www.haomeiwen.com/subject/yuntbttx.html