གངས་ལྗོངས་ང་ཡི་ཕ་ཡུལ།
རིག་པའི་གྲུ་གཟིངས།
བུ་ཆུང་ང་ཡི་གཅེས་པར་འོས་པའི་ཕ་ཡུལ་ནི་གོས་དཀར་གྱིས་རྒྱན་པའི་ཁ་བ་ལྗོངས་ཏེ་འཛམ་གླིང་གི་ཡང་རྩེ་ཆགས་པའི་གངས་ཅན་ཆོས་ཀྱི་ཞིངས་ཁམས་ལགས།
གཟིགས་དང་། མཐའ་བཞི་གོས་དཀར་གྱི་བཀླུབས་པའི་ས་འཛིན་ཉེར་ལྔའི་བསྐོར་ཞིང་། བར་ནས་ལྔ་ཟུང་རིག་ལྔའི་གནས་ཀྱི་ཕོ་བྲང་སྟེ། སྒྲ་ཚད་བཟོ་གསོ་ནང་རིག་ཀྱིས་འོད་སྣང་ཕྱོགས་བཅུར་ལ་ཁྱབས། མུ་མཐའ་མེད་པའི་རྩྭ་ཐང་སྟེང་དུ་གནས་ཡོད་པའི་སྐར་ཚོགས་ས་ལ་འཕྲོས་པ་ལྟར་གཡང་དཀར་ལུག་གི་འབར་སྒྲ། ནོར་གཡང་ཕྱུགས་ཀྱི་ངུར་སྒྲ། མགྱོགས་འགྲོ་རྟ་ཡི་འཚེར་སྒྲ། ལུག་རྫའི་བུ་མོ་གསུང་སྐད་ཐོས། འདིར་གནས་ཡོད་པའི་ཕ་སྤྲེའུ་བྱང་ཆུབ་སེམས་པ་དང་མ་བྲག་སྲེན་མོ་རྒྱུད་ལས་ཆད་པའི་སྐྱེ་བོ་རྣམས་སེམས་རྒྱུད་གངས་ལས་དཀར་བ། ལྷག་བསམ་ཆེ་ཞིང་། ཤ་ཚ་སྙིང་རྗེ་ལྡན་པ་སོགས་ཀྱི་དགེ་མཚན་ལྡན་ལ་ལོ་རྒྱུས་ཐོགས་ཕུལ་དུ་འབྱུང་བའི་མི་རིགས་ཞིག་ཡིན་ལ་སྲོལ་རྒྱུན་རིག་གནས་དབྱར་གྱི་ཆུ་གཏེར་རྒྱས་ས་བཞིན་དུ་རྒྱལ་ཡོང་ཀྱི་ཕྱོགས་གང་སར་སྙན་གྲཊ་གྲགས་བཞིན་ཡོད།
དེའི་ཕྱིར་རང་ཉིད་ཡང་ཕ་ཡུལ་གངས་ལྗོངས་འདིར་དགའ་ཞིང་དུང་བའི་ཕ་སྤྲེའུ་བྱང་ཆུབ་སེམས་པ་དང་མ་བྲག་སྲེན་མོ་རྒྱུད་ལས་ཆད་པའི་བུ་ཕྲུག་ཞིག་ཡིན་པས་བོད་ཀྱི་ཕུལ་དུ་བྱུང་བའི་རིག་གནས་འདིར་དར་སྤེལ་དང་རྒྱུན་འཛིན་བྱ་རྒྱུ་དེ་ནི་ངའི་དོར་དུ་མེད་པའི་འོས་འགན་ཡིན་པས་རང་ཉིད་ཀྱང་དེ་ལྟར་བསམ་མཁན་གྱི་ན་ཆུང་སློབ་མ་ཞིག་ཡིན་སྔར་བོད་རྒྱལ་གཉའ་ཁྲི་བཙན་པོ་དུས་ནས་ད་ལྟ་བར་དུ་ལོ་ངོ་མང་པོ་འདི་འདྲའི་ནང་དུ་བོད་ཁ་བ་ཅན་གྱི་རིག་གནས་སྲོལ་རྒྱུན་སོགས་ཉིན་རེ་བཞིན་ལོ་རྒྱུས་འཕེལ་རྒྱས་རྒྱུན་མ་ཆད་པར་མདུན་དུ་བསྐྱོད་བཞིན་ཡོད། འདིར་མ་འོངས་པའི་ལོ་རྒྱུས་ནང་དུ་ཁ་བ་ཅན་སྔར་ལས་དར་ཞིང་རྒྱས་པ་བྱ་བ་དང་ཡང་ན་ཉམས་རྒུད་དུ་འགྲོ་བ་གཙོ་བོ་ང་དང་ཁྱེད་འདྲ་བའི་གངས་ཅན་ཁ་བ་ཅན་གྱི་ཕྱི་རབས་པ་སློབ་མ་ཚོའི་ཕྲག་སྟེང་དུ་འབབ་པའི་འགན་འཁྲི་ཡོད།
གངས་ལྗོངས་ལཊ། ངའི་ཕ་ཡུལ་ངས་ཁྱེད་ལ་བཅངས་པའི་བརྩེ་སེམས་དང་དུང་བ་ནམ་ཡང་འགྱུར་མི་སྲེད་ལ་འཛམ་གླིང་ཁྲོད་ནས་ཁྱེད་སྔར་ལས་མཚར་སྡུག་ལྡན། མ་འོངས་པར་ང་ཚོ་གངས་ཅན་གྱི་རྒྱུན་འཛིན་ཚོས་གངས་ཅན་ཀྱི་ཞིང་ཁམས་འདི་གསར་སྐྲུན་དང་འཕེལ་རྒྱས་ཐད་ལ་འབད་པ་ལྷུན་ལེན་བྱེད་པའི་ཆོས་སེམས་བརྟན་པོ་འཇོག་བཞིན་ཡོད།
网友评论