མུན་འོག་གི་ཁྱེད།
ཉག===ན་བུན་གྱིས
ཁ་བཤད་གསེར་གྱི་ཟེགས་མ་ལས།།
ལག་ལེན་ཉིན་མོ་སྐར་མའི་ཚོགས།།
ཚིག་ཐག་ལྕགས་ཀྱི་རིལ་བུ་ལས།།
ཉམས་ལེན་ཆུ་ཤིང་སྙིང་པོའི་གཤིས།།
སྨག་རུམ་གསེང་གི་མགོ་འཐོམ་འདྲའི།།
ལེགས་བཤད་རྒྱ་མཚོ་ཤ་སྟག་ན།།
ཁེངས་སེམས་དུག་གི་འཆིང་བ་ཡིས།
ཞེན་སྡང་སྐད་ངན་འབའ་ཞིག་ཐོས།།
ལོ༢༡༨ཟླ༢ཚེས༡༣ཉིན་གུང་ནས།
2018-02-14
网友评论