美文网首页
2017-12-15

2017-12-15

作者: 曲尔甲初 | 来源:发表于2017-12-15 20:20 被阅读0次
    ཟཁྱམས་ཉུལ་ནས

    ༼རླབས་ཆེ་བའི་བོད་མི་ཞིག་གི་ལོ་རྒྱུས་སྙིང་བསྡུ༽      མི་ཉག་པ་སྤེན་པ་དོན་འགྲུབ་ནི་འབྲས་ལྗོངས་སུ་ཕ་མི་ཉག་ཉི་མ་དཔལ་འབྱོར་གྱི་སྲས་སུ་སྐུ་འཁྲུངས།    ཆུང་དུས་ནས་ཕ་མ་གཉིས་འཇིག་རྟེན་འདི་དང་ཁ་བྲལ་དགོས་བྱུང་བས་སྐུ་ངལ་ཚད་མེད་བྱུང་།    1914སིངྒལ་ལ་འགྲོ་ནས་རབ་ཏུ་བྱུང་། བུ་སྤེན་པ་དོན་འགྲུབ་ནི་རིག་པ་རྣོན་ཞིང་བརྩོན་འགྲུས་ཆེ་བས་ལོ་བཅུ་ཙམ་གྱི་རྗེས་ཡུལ་དེ་གའི་རྩོམ་པ་པོ་གྲགས་ཅན་ཤིག་ཏུ་གྱུར།    སྙིང་སྟོབས་དང་ལྷག་བསམ་ཆེ་བས་རིམ་བཞིན་སིངྒལའི་རང་བཙན་ཐབས་བརྩོན་པའི་གྲས་སུ་ཚུག་པ་དང་རང་བཙན་དང་འབྲེལ་བའི་རྩོམ་ཡིག་མང་པོ་སྤེལ་ནས་སིངྒལའི་ཡུལ་མི་རྣམས་ཀྱི་བློ་ཁ་རང་བཙན་ཕྱོགས་སུ་བསྒྱུར།    ཁོང་གི་མཚན་སྙན་གྲགས་ནི་ཉི་རེ་ནས་ཉི་རེ་ཇེ་ཆེ་རུ་ཕྱིན།    ད་དུང་ཁོང་གིས་མི་དམངས་འདུས་མཛོམས་ཆེ་སར་གཏམ་བཤད་ནམ་ཞིག་བྱས་ན་ཡང་ཐོག་མར་ཁོ་རང་བོད་པ་ཡིན་པའི་ར་སྤྲོད་གསལ་པོ་བྱས་བས་དུས་ད་ལྟ་ཡང་སིངྒལའི་ཡུལ་དུ་བོད་པའི་དགེ་སློང་ཞེས་ས་གྲགས་གནམ་གྲགས་ཤིག་དུ་གྱུར།  དེ་ལ་རྟེན་ནས་ཡུལ་དེ་གའི་མི་རྣམས་ཀྱིས་བོད་མའི་ཚོར་མི་གསལ་གྱི་ཆེ་མཐོང་ཞིག་རྩིས་ཀྱི་འདུག    འོན་ཀྱང་སྟབས་མ་ལེགས་པ་ཤིག་ལ་བོད་ས་མ་ཤོར་པའི་ལོ་ཤས་སྔོན་དགོངས་པ་ཆོས་དབྱིངས་སུ་འཐིམ་ཚུལ་བསྟན་འདུག  ཁོང་སྐུ་མྱ་ངན་ལས་འདས་ནས་ད་ལྟའི་བར་སིངྒལའི་གཞུང་གོ་གིས་གོ་སྒྲིག་འོག་ལོ་ལྟར་མྱ་ངན་ཞིག་ཚོགས་ཡོད་པ་དང་རྗེས་དྲན་གྱི་ཆེད་དུ་འགྲེམས་སྟོན་ཁང་ཞིག་ཀྱང་ཡོད་འདུག    2017/8/29ཉིན།  ་་་་་་རྒྱ་མཚོ་ནས་་་་་་

    相关文章

      网友评论

          本文标题:2017-12-15

          本文链接:https://www.haomeiwen.com/subject/bhtjwxtx.html