美文网首页
ཕལ་བའི་འཚོ་བ།

ཕལ་བའི་འཚོ་བ།

作者: SONAM0 | 来源:发表于2020-12-15 23:27 被阅读0次

    ཁ་སང་དེ་རིང་གཅིག་ནས་དགུན་ཆོས་ཀྱི་མགོ་ཚུགས་ཏེ། རིང་བོ་མ་ཕྱིན་པས་ཚོགས་དང་ཆོས་གྲྭ་མང་བ་དང་། གཉིས་ནས་ཉིན་གཅིག་རེ་བར་མཚམས་སུ་བཞག་སྟེ། དབྱིན་ཡིག་གི་སློབ་ཁྲིད་ཆག་མེད་དུ་ཞུགས་དགོས་སྟབས། ལས་བྱ་འབྲི་བ་དང་། ཐ་སྙད་སྣ་ཚོགས་བློར་འཛིན་པ། སློབ་ཚན་སྔོན་མ་དག་ལ་བསྐྱར་སྦྱོང་བྱ་དགོས་པ་ལ་སོགས་ཀྱི་བྱ་བ་ཙག་ཙིག་མང་བོའི་འདམ་ལ་ཟུག་ཡོད། དེ་བས་ད་སྐབས་ཉིན་ཐོ་མ་ཆད་པའི་ཐབས་ཙམ་དུ་འགྲོ་འཆག་ཉལ་འདུག་གིས་མཚོན་པའི་ཆེས་སྤྱིར་བཏང་གི་འཚོ་བའི་ཁ་དོག་རེ་ཡིག་ཐོག་ལ་འཇོག་པ་ལས་བརྗོད་བྱ་གལ་ཆེ་བ་གང་ཡང་འབྲི་མི་ཐུབ་ཅིང་འབྲི་བའི་ཁོམ་ལོང་ཡང་མི་འདུག་ལ། དཔེ་ཆ་སྣ་མང་གི་འཇིག་རྟེན་འགྲིམ་པའི་སྐབས་གླགས་དེ་ཡང་མི་རྙེད་པས། དམིགས་བསལ་གྱི་བསམ་བློ་གསར་བ་དང་བློ་སྐྱེད་གསར་བ་འཚོལ་བའི་ལས་སུ་ཡང་གཞོལ་མི་ཐུབ་པོ།། ད་དུང་ཉིན་ཤས་ལ་མུ་ནས་དེ་ལྟར་བྱ་བ་འདྲ་མིན་སྣ་ཚོགས་ཤིག་གིས་གཡས་གཡོན་ནས་བཙིར་ཡོང་ངེས་པས། བྲེལ་བྲེལ་ཟིང་ཟིང་གི་ལས་སུ་འཇུག་དགོས་ལ། ཉིན་ཐོའི་དོད་ཙམ་དུ་ཡང་ཆོ་མེད་པའི་བཟི་གཏམ་ལྟ་བུ་རེ་གཡུགས་ནས་མི་འགྲོ་ཐབས་མེད་རེད་དོ།།

    相关文章

      网友评论

          本文标题:ཕལ་བའི་འཚོ་བ།

          本文链接:https://www.haomeiwen.com/subject/yxiggktx.html