美文网首页
2017-11-19

2017-11-19

作者: cigscm | 来源:发表于2017-11-19 01:29 被阅读0次

ཉི་མའི་འོད་ཟེར་འཕྲོ་སའི་རྒྱང་ཕྱོགས་ཀྱི། །

རི་ཆུ་གྲངས་མེད་ཅིག་གི་ཕ་མཐའ་ན། །

འཛུམ་མདངས་བདག་ལ་བཞད་པའི་མི་ཞིག་ཡོད། །

དྲང་མོར་བཤད་ན་སྙིང་གི་མཛའ་བོ་ཡིན། །

ལོ་ཟླ་སོར་མོས་བགྲང་བའི་རེ་སྒུག་ཁྲོད། །

དྲན་གདུང་ལུས་ལ་འཐིམ་པའི་དཀའ་ཚེགས་བར། །

རྨི་ལམ་བདག་ལ་གཏོང་བའི་མི་ཞིག་ཡོད། །

ཡིན་རྒྱུ་ངོ་མ་སེམས་ཀྱི་མཛའ་གྲོགས་ཡིན། །

འཇིག་རྟེན་ཁྲ་ཁྲ་འདི་ཡི་ཁམས་སྟེང་ན། །

དུས་རབ་འགྱར་འགྱུར་ཁྲོད་ཀྱི་འཁོར་བར་ནས། །

འདང་བརྩེ་བདག་ལ་ཟབ་པའི་སྙིང་ཞིག་ཡོད། །

ཡིན་རྒྱུ་ངོ་མ་བདག་གི་ཁོ་བོ་ཡིན། །

ཁྱེད་དང་མཐུན་པའི་ལོ་ཟླའི་ཁོར་མོ་རུ། །

ཁེར་རྐྱང་མིན་པས་ཚོར་བའི་སེམས་རྩ་སྐྱིད། །

ཚེ་སྲོག་ཕྲ་མོས་གཞུང་རྟ་མ་ཆད་ན། །

ངང་གིས་ཁྱེད་ལ་བསྒུག་པའི་འདུན་པ་མཆིས། །

འཇམ་ཤའི་ཚ་དྲོད་རི་ཆུས་བཀག་ན་ཡང་། །

སེམས་པ་ལྡོམ་པོ་ཁྱེད་ཀྱི་པང་ན་ཡོད། །

ཚེ་འཕྲོ་འདི་ཡི་ལས་དབང་མ་རྫོགས་པར། །

བདག་གི་བརྩེ་བ་ཁྱེད་ཀྱི་རུམ་ནས་རྒྱུ། །

相关文章

网友评论

      本文标题:2017-11-19

      本文链接:https://www.haomeiwen.com/subject/ujquvxtx.html